འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དྲུག་འབུམ་ལྔ་ཁྲི་ལྔ་སྟོང་གསུམ་དང་དགུ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་སུམ་ཅུ་ཉིན་གྱི་དུས་ཚོད་བཅོ་བརྒྱད་དང་སྐར་མ་སུམ་ཅུའི་བར། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་གཉིས་སྟོང་གསུམ་བདུན་བརྒྱ་དང་བདུན་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དྲུག་འབུམ་ལྔ་ཁྲི་ལྔ་སྟོང་གསུམ་དང་དགུ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སུམ་བརྒྱ་ང་གསུམ་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་བཞི་དང་འབུམ་གཉིས་བཞི་བརྒྱ་དང་བཅུ་གཉིས་ལ་སླེབས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།