འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བརྒྱད་འབུམ་བདུན་ཁྲི་བདུན་སྟོང་བརྒྱད་བརྒྱ་དང་དོན་ལྔ་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་གཉིས་སྟོང་བཞི་བདུན་བརྒྱ་བཅུ་དྲུག་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་ དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བརྒྱད་འབུམ་བདུན་ཁྲི་བདུན་སྟོང་བརྒྱད་བརྒྱ་དང་དོན་ལྔ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་བདུན་དང་བདུན་བརྒྱ་རེ་དྲུག་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་བཞི་དང་འབུམ་གཉིས་ཁྲི་གསུམ་སྟོང་ལྔ་ལྔ་བརྒྱ་ང་དགུ་ལ་སླེབས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།