རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གསུམ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་གོ་དགུ་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།
2021.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན།   ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་གོག་དགུ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་གི་ང་གཉིས་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།   རང་ས་གནས་ཀྱི་ནད་པ་ཞེ་བདུན་ཡོད། ནད་རྟགས་མི་མངོན་པའི་ནད་པ་སོ་བཞི་ཡོད་པ་དང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་ཉེར་དགུ་དང་རང་ས་གནས་ཀྱི་ནད་པ་ལྔ་ཡོད། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་ཁྱོན་བསྡོམས་སྟོང་གཅིག་དང་བརྒྱད་བརྒྱ་གྱ་བཞི་ཡོད། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐེངས་དུང་ཕྱུར་བཅོ་བརྒྱད་དང་བྱེ་བ་གསུམ་ས་ཡ་གཉིས་འབུམ་བཞི་ཁྲི་ལྔ་བརྒྱབ།

བན་དེ་སྐྱབས་ཀྱིས་བསྒྱུར།