མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཚོ་ལྷོ་འགྲན་ཁུལ་གྱི་བརྡ་སྦྱོར།
2020.06.22 ཁུངས། ཀློག་གྲངས། 725

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་།  མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དེ་སྤྱི་ཟླ6ཚེས29ཉིན་ནས་ཟླ7ཚེས3ཉིན་བར་ཆབ་ཆ་གྲོང་རྡལ་དུ་བསྡུ་རྒྱུ་ཡིན་པས།  མཚོ་ལྷོ་འགྲན་ཁུལ་ལ་གཏོགས་པའི་འགྲན་ཞུགས་རྡུང་ལེན་པ་རྣམས་དུས་ལྟར་ཕེབས་གནང་ཡོད་པར་ཞུ།

ཟླ6ཚེས29ཉིན་འབྱོར་ཐོ་འགོད་རྒྱུ་ཡིན།

ཟླ6ཚེས30ཉིན་འགྲན་སྡུར་སྔོན་གྱི་སྟ་གོན་སོགས་བྱ་རྒྱུ་ཡིན།

ཟླ7ཚེས1ཉིན་འཁྲབ་སྦྱོང་བྱ་རྒྱུ་ཡིན།

ཟླ7ཚེས2ཉིན་འགྲན་སྡུར་དངོས་སྤེལ་རྒྱུ་ཡིན།

འགྲན་སྡུར་ས་གནས། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན།

འབྲེལ་གཏུགས་བྱ་ཡུལ།  ཚེ་མ་རྒྱལ།

ཁ་པར་ཨང་གྲངས།  155-0060-7387ཡིན།