“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གཙོས་འགྲན་ཁུལ་གྱི་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།
2020.07.16 ཁུངས། ཀློག་གྲངས། 251

སྤྱི་ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གཙོས་འགྲན་ཁུལ་གྱི་འགྲན་སྡུར་ལ་ཀན་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་རོགས་སྒྲུབ་ཆེན་པོ་གནང་འོག་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་མཇུག་སྒྲིལ།

གཙོས་འགྲན་ཁུལ་གྱི་འགྲན་སྡུར་ལ་འགྲན་ཞུགས་རྡུང་ལེན་པ28ཡོད་ལ། འགྲན་ཞུགས་རྡུང་ལེན་པ་སོ་སོས་ལུས་ལ་གཟབ་འཕྱོར་རྒྱན་གྱིས་སྤྲས་ཤིང་། ལང་ཚོའི་གཟི་དཔལ་ཟིལ་གྱིས་ངོམས་བཞིན་གར་སྟེགས་སུ་ཞུགས་ནས། འགྲན་ཞུགས་བརྩམས་ཆོས་དག་སྒྲ་སྙན་རྒྱུད་སྐུད་ཀྱི་རྟ་ལ་དྲངས་ཤིང་། མགྲིན་ངག་བདེ་སྟོང་གི་དབྱིངས་ལ་བཀུགས་ནས་དབྱར་ལ་མེ་ཏོག་བཞད་བཞད་དང་། རྫ་ལ་ཆུ་མོ་ཤག་ཤག་གི་ཚུལ་གྱིས་རྩལ་དྲུག་ཁྲོམ་ནས་འགྲན་པ་ལ། དཔྱད་འདེམ་པ་ཚོས་ཕྱི་ཡི་ཉམས་འགྱུར་དང་ངག་གི་དབྱངས་རྟ། སོར་མོའི་རྩལ་ཉམས་ངོམས་པ་བཅས་ལ་གཞིགས་ནས་དྲང་བདེན་ལུགས་མཐུན་དང་གནད་དུ་འཁེལ་བའི་དཔྱད་བརྗོད་བྱས་པ་བརྒྱུད་འགྲན་ཞུགས་རྡུང་ལེན་པ14བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

གཙོས་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་དུས་མཉམ་དུ་ཐད་གཏོང་བྱས་པས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP སྟེང་རྡེབ་ཚད་ཁྲི14ལྷག་ལ་སླེབས་ཡོད། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་རྡེབ་ཚད་ཁྲི8ལྷག་ལ་སླེབས་ཡོད་པས་རྒྱ་ཆེའི་གཟིགས་མོ་བ་དག་གི་དགའ་བསུ་རྒྱ་ཆེར་ཐོབ།

སྒྲ་སྙན་རྡུང་ལེན་ནི་ཀྲུང་ཧྭ་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱ་ཆེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་ལྟའི་བར་འགྲན་སྡུར་སྐབས་དྲུག་ལ་སྤེལ་ཞིང་། དེ་ལས་བོད་རིགས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཇེ་རྒྱས་དང་། རིག་གནས་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཤན་ཤུགས་རབ་ཏུ་ཆེ་བའི་མིང་དུ་གྲགས་པའི་རིག་རྩལ་འགྲན་སྡུར་ཞིག་ཏུ་གྱུར་ཡོད། རིག་གནས་སྒྱུ་རྩལ་འདིའི་ཁྱབ་སྤེལ་སྔར་བས་ཇེ་ལེགས་དང་ཇེ་རྒྱས་སུ་གཏང་ཆེད། ད་ལོ་ནས་བཟུང་མདོ་ཁམས་ས་ཁུལ་ལས་བོད་རང་སྐྱོང་ལྗོངས་སུ་རྒྱ་བསྐྱེད་དེ། བོད་ཁམས་ཡོངས་ཀྱི་རིགས་སོ་སོའི་རྡུང་ལེན་པ་ཡོད་ཚད་ཞུགས་ཆོག་པར་བྱས་ཡོད་ལ། འགྲན་སྡུར་གྱི་མིང་ཡང་སྔར་གྱི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པ་དེ་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པར་བསྒྱུར་ཡོད།

དཔྱད་འདེམ་པ། གསང་བདག

མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན།

དཔྱད་འདེམ་པ། ཁོ་བསྟན།

ན་གཞོན་རྡུང་ལེན་པ་གྲགས་ཅན། ཐང་དཀར་རོལ་ཚོགས་ཀྱི་སྒྲིག་འཛུགས་པ། བོད་ཀྱི་རོལ་མོ་པ།


ཐེངས་འདིའི་གཙོས་འགྲན་ཁུལ་གྱི་འགྲན་ཞུགས་པ་དག་ནི་གཤམ་གསལ་ལྟར།

བཀའ་ཐུབ་བཀྲ་ཤིས།

རྡོ་རྗེ་ཚེ་རིང་།

རྟ་མགྲིན་ཚེ་རིང་།

ལྷ་མོ་ཚེ་རིང་།

འཇིགས་བྱེད་སྐྱབས།

ནམ་མཁའ།

བླ་མ་སྐྱབས།

ལྷ་མོ་དོན་འགྲུབ།

ཚེ་རིང་བཀྲ་ཤིས།

ཀླུ་འབུམ་རྒྱལ།

སྐལ་བཟང་།

མགོན་པོ་བཀྲ་ཤིས།

བཀྲ་ལོ།

བསོད་ནམས་དབང་འདུས།

མགོན་པོ་དོན་འགྲུབ།

རྟ་མགྲིནཚེ་བརྟན།

བཀྲ་ཤིས་ཚེ་བརྟན།

རྟ་མགྲིན་ཐར།

སྐལ་བཟང་དར་རྒྱས།

བཀྲ་ཤིས་རབ་བརྟན།

སངས་རྒྱས་སྐྱབས།

མགོན་པོ་སྐྱབས།

བླ་མ་སྐྱབས།

སངས་རྒྱས་མཁར།

རྡོར་ལོ།

འཕྲིན་ལས།

སངས་རྒྱས་མཁར།

མགོན་པོ་བཀྲ་ཤིས།


གཙོས་འགྲན་ཁུལ་ལས་བསྐྱར་འགྲན་ལ་ཚུད་པའི་གདན་ཐོབ་རྡུང་ལེན་མཁན་དག་ནི།

རྡོ་རྗེ་ཚེ་རིང་།

འཇིགས་བྱེད་སྐྱབས།

ལྷ་མོ་དོན་འགྲུབ།

ཀླུ་འབུམ་རྒྱལ།

སྐལ་བཟང་།

མགོན་པོ་བཀྲ་ཤིས།

བསོད་ནམས་དབང་འདུས།

རྟ་མགྲིན་ཚེ་བརྟན།

སྐལ་བཟང་དར་རྒྱས།

སངས་རྒྱས་སྐྱབས།

སངས་རྒྱས་མཁར།

འཕྲིན་ལས།

སངས་རྒྱས་མཁར།

མགོན་པོ་བཀྲ་ཤིས།