“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ་པ།
2020.07.09 ཁུངས། ཀློག་གྲངས། 784

སྤྱི་ཟླ7པའི་ཚེས7ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ལ་རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་རྒྱང་སྒྲོག་ཅུའུ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ། རྨ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་འོག་ཚེས7ཉིན་གྱི་སྔ་དྲོར་གངས་ཀྱི་པདྨོ་ཟློས་གར་འཁྲབ་སྦྱོང་ལྟེ་གནས་སུ་བདེ་ལེགས་ངང་མཇུག་སྒྲིལ།

འགྲན་སྡུར་དངོས་སུ་མགོ་མ་བརྩམ་པའི་སྔོན་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་སོགས་ཡུལ་དངོས་སུ་ཕེབས་ནས་ཐེངས་འདིའི་འགྲན་སྡུར་གྱི་ལས་བྱེད་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད་ཐེངས་འདིའི་བྱ་བའི་མགོ་མཇུག་བར་གསུམ་ལ་རེ་བ་ནན་མོ་བཏོན།

རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ལ་རྨ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་གཉིས་ཀྱི་འགྲན་ཞུགས་རྡུང་ལེན་པ40་ཡོད་པས། འགྲན་སྐོར་གཉིས་སུ་བགོས་ཏེ་ཁ་སང་ཕྱི་དྲོར་འགྲན་ཞུགས་རྡུང་ལེན་པ21དང་དེ་རིང་སྔ་དྲོར་འགྲན་ཞུགས་རྡུང་ལེན་པ19བཀོད་སྒྲིག་བྱས་ཏེ་འགྲན་སྡུར་བྱས་མཐར་དཔྱད་འདེམ་པས་འགྲན་ཞུགས་པའི་འགྲན་ཞུགས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་དང་སྒྲ་སྙན་རྡུང་བའི་སོར་མོའི་རྩལ་ཉམས། གླུ་གཞས་བླངས་པའི་སྐད་ངག་གི་འདེགས་འཇོག གར་སྟེགས་སྟེང་ནས་མངོན་པའི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་ཉམས་སྣང་བཅས་ལ་གཞིགས་ནས་དྲང་བདེན་ལུགས་མཐུན་དང་གནད་དུ་འཁེལ་བའི་དཔྱད་བརྗོད་བྱས་པ་བརྒྱུད་འགྲན་ཞུགས་རྡུང་ལེན་པ16 བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་དུས་མཉམ་དུ་ཐད་གཏོང་བྱས་པས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP སྟེང་རྡེབ་ཚད་ཁྲི26ལྷག་ལ་སླེབས་ཡོད། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་རྡེབ་ཚད་ཁྲི12ལྷག་ལ་སླེབས་ཡོད་པས་རྒྱ་ཆེའི་གཟིགས་མོ་བ་དག་གི་དགའ་བསུ་རྒྱ་ཆེར་ཐོབ།

མདོ་འཛིན་པ། རིག་འཛིན་ཐར། ཟླ་བཟང་སྒྲོལ་མ།

དཔྱད་འདེམ་པ། གསང་བདག

མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན།

དཔྱད་འདེམ་པ། ཁོ་བསྟན།

ན་གཞོན་རྡུང་ལེན་པ་གྲགས་ཅན། ཐང་དཀར་རོལ་ཚོགས་ཀྱི་སྒྲིག་འཛུགས་པ། བོད་ཀྱི་རོལ་མོ་བ།

གདན་ཐོབ་དཔང་ཡིག་གནང་བཞིན་པ།

ལྟད་མོ་བའི་ཚོགས།


འགྲན་ཞུགས་པའི་མྱོང་ཚོར།

རྨ་ལྷོ་འགྲན་ཁུལ་ལས་བསྐྱར་འགྲན་ལ་ཞུགས་པའི་གདན་ཐོབ་རྡུང་ལེན་མཁན་དག་ནི།

གནམ་མཚོ་སྐྱིད།

དོན་འགྲུབ་རབ་བརྟན།

རྟ་མགྲིན་ཚེ་རིང་།

ཨ་མ་ལེ་རོལ་ཚོགས།

སྟོབས་ལྡན་དབང་འདུ།

དཔལ་མགོན།

ཕུར་བ་རྡོ་རྗེ།

སྒྲོལ་མ་ལྷ་མོ།

བཙན་གླིང་སྐྱབས།

འབྲུག་ལྷ་རྒྱལ།

ཚེ་རིང་བཀྲ་ཤིས།

མགོན་པོ་དོན་འགྲུབ།

ཤ་བོ་སངས་འབྲུག

གཙང་རབ་བརྟན།

བསམ་ཁོ།

རྣམ་རྒྱལ་སྒྲོལ་མ།