“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཟི་ལིང་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ་པ།
2020.06.18 ཁུངས། ཀློག་གྲངས། 703

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཟི་ལིང་འགྲན་ཁུལ་གྱི་འགྲན་སྡུར་དེ་དེ་རིང﹙6.18﹚ཕྱི་དྲོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བདེ་བླག་ངང་མཇུག་སྒྲིལ།

“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ནི་ད་ལོར་ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་བསྡུ་བར་གཞོགས་འདེགས་བྱེད་པ་དང་མུ་མཐུད་དུ་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་པ། “འབྲལ་མི་ཐུབ་པ་གསུམ”དང“མོས་མཐུན་ལྔ”ཡི་སློབ་གསོར་ཤུགས་སྣོན་པ། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དང་རྒྱུན་འཛིན་བྱེད་པར་དམིགས་ནས་བསྡུས་པ་ཞིག་ཡིན།

ཐེངས་འདིའི་ཟི་ལིང་འགྲན་ཁུལ་གྱི་འགྲན་སྡུར་ལ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་རྡུང་ལེན་པ་ཞུགས་ཡོད་ལ། དཔྱད་འདེམ་པས་འགྲན་ཞུགས་པའི་འགྲན་ཞུགས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་དང་སྒྲ་སྙན་རྡུང་བའི་སོར་མོའི་རྩལ་ཉམས། གླུ་གཞས་བླངས་པའི་སྐད་ངག་གི་འདེགས་འཇོག གར་སྟེགས་སྟེང་ནས་མངོན་པའི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་ཉམས་སྣང་བཅས་ལ་གཞིགས་ནས་དྲང་བདེན་ལུགས་མཐུན་དང་གནད་དུ་འཁེལ་བའི་དཔྱད་བརྗོད་བྱས་པ་བརྒྱུད་འགྲན་ཞུགས་རྡུང་ལེན་པ4བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

ཟི་ལིང་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས་སོགས་ལས་དུས་མཉམ་དུ་ཐད་གཏོང་བྱས་པས། རྒྱ་ཆེའི་གཟིགས་མོ་བ་དག་གི་དགའ་བསུ་རྒྱ་ཆེར་ཐོབ།

མདོ་འཛིན་པ། རིག་འཛིན་ཐར། ཟླ་བཟང་སྒྲོལ་མ།


ཟི་ལིང་འགྲན་ཁུལ་ལས་བསྐྱར་འགྲན་ལ་ཞུགས་པའི་གདན་ཐོབ་རྡུང་ལེན་མཁན་དག་ནི།

ཡུས་ཧྲུའུ་ཡི་འགྲན་ཞུགས་པ། རྟ་མགྲིན་ཚེ་འཕེལ།

མགོ་ལོག་གི་འགྲན་ཞུགས་པ། རིག་འཛིན་རྡོ་རྗེ།

ཡུས་ཧྲུའུ་ཡི་འགྲན་ཞུགས་པ། འཇམ་དབྱངས་དངོས་གྲུབ།

མགོ་ལོག་གི་འགྲན་ཞུགས་པ། ལྷ་བྷོ།

གདན་ཐོབ་རྡུང་ལེན་པའི་གཟི་ཉམས།

འགྲན་ཞུགས་པའི་མྱོང་ཚོར།

དཔྱད་འདེམ་པ། གསང་བདག

མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན།

དཔྱད་འདེམ་པ། ཁོ་བསྟན།

ན་གཞོན་རྡུང་ལེན་པ་གྲགས་ཅན། ཐང་དཀར་རོལ་ཚོགས་ཀྱི་སྒྲིག་འཛུགས་པ། བོད་ཀྱི་རོལ་མོ་བ།

སྤྱིའི་འཁྲབ་ཁྲིད་པ་དང་དཔྱད་འདེམ་པ། ལྟད་མོ་བ་བཅས་ཀྱི་སྡོམ་ཚིག