མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་དངོས་སུ་མགོ་བརྩམས།
2020.10.19 ཁུངས། ཀློག་གྲངས། 36

ས་གཞི་གསེར་གྱིས་བརྒྱན་ཞིང་། འབྲས་བཟང་ཁུར་གྱིས་དུད་པ་བསོད་ནམས་ཀྱི་བགོ་སྐལ་དུ་ལེན་པའི་དུས་ཚིགས་བཟང་པོ་འདིར། ཀུན་གྱི་རེ་བས་བརྟས་པའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་བསྐྱར་འགྲན་རིམ་པ་དེ། ཚེས17ཉིན་གྱི་ཕྱི་དྲོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་དངོས་སུ་མགོ་བརྩམས།

མདོ་འཛིན་པ། རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ།


མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ། ཟླ6པའི་ཚེས18ཉིན་ཟི་ལིང་འགྲན་ཁུལ་ནས་ཚོགས་མགོ་བརྩམས་ཏེ། ཐོག་མའི་དབུ་ཁྱུད་ལེགས་པོར་བྲིས་པ་དང་། དེ་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཐོག་མའི་འགྲན་ཁུལ་དྲུག་ནས་སྔ་རྗེས་སུ་འགྲན་ཞུགས་རྡུང་ལེན་པ400ཉེ་བ་ཙམ་གར་སྟེགས་སུ་ཞུགས་པར་མ་ཟད། སོ་སོས་ལག་སོར་མོའི་རྩལ་ཉམས་དང་། ངག་མགྲིན་པའི་འགྱུར་ཁུགས་འགྲན་ཏེ། དབྱར་ཟླ་གསུམ་ལ་བརྙན་ལམ་སོ་སོ་ནས་འབྲུག་ལྟར་རྩེན་ཞིང་གྲགས་པས། སྒྲ་སྙན་རྡུང་ལེན་ལ་ཐུགས་མོས་ཆེ་བ་དག་གིས་དྲ་ལམ་སོ་སོ་ནས་ཐད་གཏོང་ལ་བལྟས་པར་མ་ཟད། བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ཤིང་། སྙན་ངག་པའི་སྡེ་དང་བྲིས་པའི་སྡེ་ཡིས་ཀྱང་བསྟོད་པའི་མེ་ཏོག་སྨྱུག་ཁར་བཞད་དེ། དབྱར་གྱི་དཔལ་ཡོན་ལ་མཛེས་པའི་རྒྱན་གྱིས་སྤྲས་པ་རེད།

བསྐྱར་འགྲན་གྱི་རིམ་པར་སླེབས་ཚེ། གཙོ་སྒྲུབ་ལས་ཁུངས་ཀྱིས་གར་སྟེགས་ཀྱི་ཇུས་འགོད་དང་གློག་འོད་ཀྱི་སྡེབ་སྒྲིག  སྒྱུ་འཕྲུལ་གྱི་བརྙན་མིག་ལ་སོགས་གང་ཅིའི་ཐད་ནས་བརྗིད་ཆེ་ལ། འོད་བཀྲ་བ། མངོན་གསལ་བ་བཅས་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཡོད་པར་མ་ཟད། གདན་ཞུའི་དཔྱད་འདེམ་དགེ་རྒན་དག་ཀྱང་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་བྱང་ཆུབ་ཅིང་། རོལ་མོའི་གཞུང་ལུགས་ལ་མངའ་བརྙེས་པ་ལྔ་གདན་དྲངས་ཡོད་པས། གངས་དཀར་པོར་ཉི་འོད་ཕོག་པ་བཞིན་ཐེངས་འདིའི་འགྲན་སྡུར་ལ་རྨད་དུ་བྱུང་བའི་གཟི་མདངས་བསྣན།

དེ་རིང་། འགྲན་ཞུགས་རྡུང་ལེན་པ་རྣམས་ཀྱིས་རྩལ་དྲུག་ལུས་ལ་བགོས་ཤིང་། ངག་རྩལ་མགྲིན་པར་བཅིངས་ནས་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བརྗིད་ཆེ་ལ། ཡིད་དུ་འོང་བ། གཟི་བརྗིད་ཆེ་བའི་གར་སྟེགས་སུ་བུད་པ་ན། ལྷ་ཡི་ཁྱེའུ་ཆུང་གར་སྟེགས་སུ་ཞུགས་ནས། ངོ་མཚར་བའི་གློག་འོད་ཁྲོད་དྲི་ཟའི་གླུ་དབྱངས་དབྱངས་ལ་འགུག་པ་ལྟ་བུ་བྱས་པས། ས་གཞི་འཁྱག་པས་བཅུམ་པར་ཉི་འོད་འཕྲོས་པ་དང་ཀུན་ནས་མཚུངས་པར། ཡུལ་དངོས་ཀྱི་ལྟད་མོ་བ་དང་དྲ་ལམ་སོ་སོའི་ཐད་གཏོང་ལ་ལྟ་མཁན་དགའ་མགུའི་དཔལ་ལ་རོལ། དེ་རིང་སྟེགས་བུ་དྲུག་ནས་འགྲན་སྡུར་གྱི་གོ་རིམ་ཆ་ཚང་ཐད་གཏོང་བྱས་པར། དྲ་དམངས་འབུམ3ལྷག་གིས་བལྟས་པའི་ངོ་མཚར་བསྐྲུན། འགྲན་ཞུགས་པ་རྣམས་ཀྱིས་ཀྱང་ཛ་དྲག་གི་འགྲན་སྡུར་བརྒྱུད་འགྲན་ཞུགས་པ15རྟིང་རྩོད་དུ་ཚུད།

བསྐྱར་འགྲན་དུ་ཚུད་པ་རྣམས་ཉིན་གསུམ་བགར་ནས་འགྲན་སྡུར་བྱ་རྒྱུ་ཡིན་ལ། ཉིན་རེའི་ཆུ་ཚོད་གཉིས་ཀྱི་སྟེང་མགོ་བརྩམ་རྒྱུ་ཡིན་པར་མ་ཟད། དུས་མཉམ་དུ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཨ་མདོ་བརྙན་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་ཐད་གཏོང་བྱ་རྒྱུ་ཡིན།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་དཔྱད་འདེམ་པ། གསང་བདག

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་དཔྱད་འདེམ་པ། རྡོ་རེད།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་དཔྱད་འདེམ་པ། སྒྲོལ་མ་སྐྱབས།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་དཔྱད་འདེམ་པ། ཤེར་བརྟན།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་དཔྱད་འདེམ་པ། ཁོ་བསྟན།



བསྐྱར་འགྲན་འགྲན་ཞུགས་པ།


མགོན་པོ་དོན་འགྲུབ།

འཇིགས་བྱེད་སྐྱབས།

མཁྱེན་རབ་མཐའ་ཡས།

གཙང་རབ་བརྟན།

རྟ་མགྲིན་ཚེ་འཕེལ།

ཕུར་བ་རྡོ་རྗེ།

དགེ་གྲུབ།

རྟ་མགྲིན།

དཔལ་མཁར་རྒྱལ།

ཟོན་ཐར།

རྟ་མགྲིན་རྡོ་རྗེ།

མགོན་པོ་བཀྲ་ཤིས།

སྒྲོལ་མ་ལྷ་མོ།

དོན་འགྲུབ་རབ་བརྟན།

དཀོན་མཆོག་སྐྱབས།

དཔལ་མགོན།

སྒྲོལ་མ།

དུང་དཀར་རོལ་ཚོགས།

སྐལ་བཟང་དར་རྒྱས།

འཇམ་དབྱངས་དངོས་གྲུབ།



རྟིང་རྩོད་དུ་ཚུད་པའི་འགྲན་ཞུགས་པ།


མཁྱེན་རབ་མཐའ་ཡས།

རྟ་མགྲིན་ཚེ་འཕེལ།

ཕུར་བ་རྡོ་རྗེ།

དགེ་གྲུབ།

རྟ་མགྲིན།

དཔལ་མཁར་རྒྱལ།

ཟོན་ཐར།

རྟ་མགྲིན་རྡོ་རྗེ།

མགོན་པོ་བཀྲ་ཤིས།

དོན་འགྲུབ་རབ་བརྟན།

དཀོན་མཆོག་སྐྱབས།

དཔལ་མགོན།

དུང་དཀར་རོལ་ཚོགས།

སྐལ་བཟང་དར་རྒྱས།

འཇམ་དབྱངས་དངོས་གྲུབ།