སྟེགས་བུ་དྲུག་ནས་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་ཐད་གཏོང་བྱ་རྒྱུ་ཡིན།
2020.12.01 ཁུངས། ཀློག་གྲངས། 100

       ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་མཚོ་སྔོན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལམ་ཁ་གསར་བ་ཆས་པར་སྐུལ་འདེད་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་རིམ་པ་ཟླ10ཚེས17ཉིན་ནས་ཚེས19བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་འགྲན་སྡུར་དངོས་སུ་མགོ་བརྩམ་རྒྱུ་ཡིན་ལ། དུས་མཉམ་དུ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཨ་མདོ་བརྙན་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་ཐད་གཏོང་བྱ་རྒྱུ་ཡིན་པས། རྒྱ་ཆེ་བའི་ལྟ་མཁན་དང་ཉན་མཁན་དག་གིས་དྲ་ལམ་འདི་དག་ནས་ཡུལ་དངོས་ཀྱི་གནས་ཚུལ་ལ་བལྟ་བར་དགའ་བསུ་ཞུ།


ཐད་གཏོང་སྟེགས་བུ།