མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་མཇུག་རྫོགས།
2020.12.01 ཁུངས། ཀློག་གྲངས། 191

དེ་རིང་ཚེས19ཉིན་གྱི་ཕྱི་དྲོར། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་གྱི་འགྲན་སྐོར་གསུམ་པ་འགྲན་སྡུར་བྱས་ཤིང་། འགྲན་ཞུགས་པ་དག་གིས་རང་རང་གི་སྒྲ་སྙན་རྡུང་བའི་བྱང་ཆ་དང་། མགྲིན་ངག་བདེ་མོའི་འགྱུར་ཁུགས་ཡོད་ཚད་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གར་སྟེགས་སྟེང་ལྷག་ལུས་མེད་པར་མངོན་པར་བསྟན་ཞིང་། དཔྱད་འདེམ་པ་རྣམ་པ་ཚོས་དཔྱད་འཇོག་གནད་དུ་ཐིངས་པ་དང་། དྲང་བདེན་དྲང་བཞག་གི་དཔྱད་པ་བྱས་མཐར། འགྲན་ཞུགས་པ11རྟིང་རྩོད་དུ་ཚུད།

དེ་རིང་ནི་བསྐྱར་འགྲན་གྱི་འགྲན་སྐོར་གསུམ་པ་ཡིན་ལ། ཆེས་མཐའ་མཇུག་གི་བསྐྱར་འགྲན་ཉིན་མོའང་ཡིན། ཉིན་གསུམ་གྱི་རིང་ལ་འགྲན་སྐོར་གསུམ་དུ་བྱས་ནས་འགྲན་སྡུར་བྱས་པ་བརྒྱུད། འགྲན་ཞུགས་པ39རྟིང་རྩོད་འགྲན་སྡུར་དུ་ཚུད།


སང་ཉིན་ཏེ་ཚེས20ཉིན་ནས་བཟུང་རྟིང་རྩོད་ཀྱི་འགྲན་སྡུར་མགོ་བརྩམ་རྒྱུ་ཡིན་ཞིང་། འགྲན་སྡུར་བྱེད་ཐབས་ཀྱང་བསྐྱར་འགྲན་གྱི་འགྲན་ཐབས་དང་མི་འདྲ་བར་འགྱུར་ལྡོག་ཆེན་པོ་ཡོད་ལ། འགྲན་ཞུགས་རྡུང་ལེན་པ་རྣམས་ཀྱི་འགྲན་སྡུར་གྱི་ངོ་བོའང་སྔར་བས་ཛ་དྲག་ཏུ་འགྱུར་སྲིད།


དཔྱད་འདེམ་པ།


འགྲན་སྡུར་གྱི་གོ་རིམ་ཆ་ཚང་དྲ་ལམ་ནས་ཐད་གཏོང་བྱེད་བཞིན་ཡོད་ལ། དེ་རིང་འགྲན་སྐོར་གསུམ་པ་ལའང་མི་གྲངས་འབུམ4ལ་ཉེ་བས་བལྟས་ཡོད་པར་མ་ཟད། གླེང་མོལ་སྣ་ཚོགས་ཀྱང་བགྲང་གིས་མི་ལང་བ་བྱས་འདུག  སང་ཉིན་གྱི་རྟིང་རྩོད་འགྲན་སྡུར་ཡང་སྔར་བཞིན་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཨ་མདོ་བརྙན་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་ཐད་གཏོང་བྱ་རྒྱུ་ཡིན་པས། རྒྱ་ཆེ་བའི་ལྟ་མཁན་རྣམས་ཀྱིས་དྲ་ལམ་འདི་དག་ནས་ཡུལ་དངོས་ཀྱི་གནས་ཚུལ་ལ་བལྟ་བར་དགའ་བསུ་ཞུ།

མདོ་འཛིན་པ། རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ།

ཤ་བོ་སངས་འབྲུག

སྐྱེས་མཆོག་རྡོ་རྗེ།

དབང་ཆེན།

ལྷ་བྷོ།

བློ་བཟང་བཀྲ་ཤིས།

ཕག་མོ་སྒྲོལ་མ།

བཀྲ་ཤིས་སྐྱབས།

སངས་རྒྱས་མཁར།

རྟ་མགྲིན་ཚེ་བརྟན།

རིག་འཛིན་ལྷ་མོ།

མདོ་ཐུབ་ཚེ།

དཔལ་ཆེན་རྡོ་རྗེ།

ཚེ་རིང་སྐྱབས།

འཆི་མེད་རིག་འཛིན།

གུ་རུ་ཚེ་བརྟན།

རིག་འཛིན་རྡོ་རྗེ།

མགོན་པོ་བཀྲ་ཤིས།

གནམ་མཚོ་སྐྱིད།

འཕྲིན་ལས།

ཚོགས་རའི་ཟུར་ཞིག

རྟིང་རྩོད་དུ་ཚུད་པའི་འགྲན་ཞུགས་པ།

སྐྱེས་མཆོག་རྡོ་རྗེ།

ལྷ་བྷོ།

བློ་བཟང་བཀྲ་ཤིས།

ཕག་མོ་སྒྲོལ་མ།

རྟ་མགྲིན་ཚེ་བརྟན།

རིག་འཛིན་ལྷ་མོ།

མདོ་ཐུབ་ཚེ།

དཔལ་ཆེན་རྡོ་རྗེ།

གུ་རུ་ཚེ་བརྟན།

གནམ་མཚོ་སྐྱིད།

འཕྲིན་ལས།

འགྲན་ཞུགས་པ་ཡོངས།

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།