མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་སྩོལ་བའི་དགོང་ཚོགས་དེ་ཟླ11པའི་ཚེས20ཉིན་གྱི་དགོང་མོར་འཚོག་རྒྱུ་ཡིན་ལ། བྱ་དགའ་སྩོལ་བའི་དགོང་ཚོགས་སྟེང་དུ་ལྷ་སའི་སྟོད་གཞས། ནག་ཆུའི་དམངས་གླུ། བདེ་ཆེན་འབའ་གཞས། རྒྱལ་རོང་སྐོར་བྲོ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཁྲབ་ཚན་སྣ་མང་གདན་ཞུ་བྱས་ཡོད་པ་དང་། དེ་མིན་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་དང་འབྲེལ་བའི་མི་སྣ་མང་པོའང་གདན་ཞུ་བྱས་ཏེ་འཁྲབ་སྟོན་བྱ་རྩིས་ཡོད། སྲོལ་རྒྱུན་རིག་གནས་ཀྱི་ཚན་ཁ་འབར་བའི་གསོལ་སྟོན་རྒྱ་ཆེན་པོ་དེ་ཚེས20ཉིན་གྱི་ཆུ་ཚོད19:00སྟེང་ཐད་གཏོང་བྱ་རྒྱུ་ཡིན།
ཐད་གཏོང་སྟེགས་བུ་ནི།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན།
མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།
གངས་ལྗོངས་མེ་ལོངAPP
ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།
ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན།
ཨ་མདོ་བརྙན་འཕྲིན་འཁྱུག་དབྱིངས།