མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་མཇུག་མཐའི་རྟིང་རྩོད་ཀྱི་གསེར་སྒོ་དེ་རིང་ཕྱེས།
2020.11.30 ཁུངས། ཀློག་གྲངས། 251

རེ་སྒུག་ཁྲི་ཕྲག་གི་དར་དཀར་དགུང་དུ་འཐེན་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དེ། ཟླ11པའི་ཚེས14ཉིན་གྱི་ཆུ་ཚོད18:30སྟེང་། ལྟད་མོ་བའི་དགའ་འབོད་དང་བསུ་མའི་ཁྲོད་དངོས་སུ་མགོ་བརྩམས།

འགྲན་སྐོར་དང་པོ།

དཔལ་ཆེན་རྡོ་རྗེ།

དཔལ་མཁར་རྒྱལ།

མཇུག་མཐའི་རྟིང་རྩོད་འགྲན་སྡུར་གྱི་དབུ་ཁྱུད་དེ་དཔྱད་འདེམ་པ་གསང་བདག་དང་དཔྱད་འདེམ་པ་ཁོ་བསྟན་གཉིས་ཀྱི་གཞས་ར་ཁྲ་མོ་གཉིས་ཀྱིས་བྲིས་ཤིང་། འགྲན་ཞུགས་པ་དཔལ་ཆེན་རྡོ་རྗེས་ཨ་ཁུ་པདྨའི་དབྱངས་རྟ་དང་འགྲོགས་ནས་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གར་སྟེགས་ཁྲོམ་ཆེན་ཟིལ་གནོན་ལས་དཀྲོལ་བ་ན། ཙོང་ཆུ་སྔོན་མོའི་བཞུར་མཚམས་ཀྱང་རེ་ཞིག་ཆད་ནས་ལྟད་མོར་རྣ་བ་བླགས་ཤིང་། གར་སྟེགས་ཆེན་མོའི་གཟི་འོད་བར་སྣང་དུ་འཕྲོས་པ་ས་ཡི་འཇའ་ཚོན་མཁའ་ལ་འཕོས་ནས་ཚོན་མདངས་ཆེམ་པའི་མཚར་སྡུག་གི་དག་ཞིང་ཞིག་ཏུ་གྲུབ་པར་མ་ཟད། འགྲན་ཞུགས་པའི་གླུ་སྐད་དང་སྒྲ་སྙན་གྱི་གདངས་དབྱངས་སྙན་མོས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་གཟི་མདངས་ལེགས་པར་བསྟན་སོང་།


ཡུལ་དངོས་སུ་འབྱོར་བའི་མི་ཚོགས་བརྒྱ་འདུས་སྟོང་འདུས་དང་། ཡུལ་དངོས་ཕེབས་མ་ཐུབ་པར་དྲ་ལམ་སོ་སོ་ན་ཐད་གཏོང་ལ་ལྟ་བཞིན་པའི་ལྟད་མོ་བ་ས་ཡ་གཅིག་ལྷག་གི་བློ་ཁ་གཅིག་ལ་ཕྱོགས་ཤིང་། མིག་དབང་གཅིག་ལ་གཏད་པའི་སྣང་ཚུལ་འདིས། སྒྲ་སྙན་རྡུང་ལེན་སྒྱུ་རྩལ་འདི་རྒྱ་ཆེའི་མང་ཚོགས་ཀྱི་སེམས་སུ་གོ་གནས་ག་འདྲ་ཞིག་ཟིན་པ་དང་། གཙོ་སྒྲུབ་ལས་ཁུངས་ཀྱིས་དཀའ་བ་ཚེགས་དང་དཀོན་མོའི་རྒྱུ་ཡི་ལས་ལ་འབྲས་བུ་དོན་སྨིན་ཡོང་བའི་བཟང་རྟགས་སུ་འཆར་བ་མཚོན་པར་མ་ཟད། དཔྱད་འདེམ་པ་དག་གི་མཛུབ་སྟོན་དང་འགྲན་ཞུགས་པ་རྣམས་དང་། རོལ་ཚོགས་རྣམས་ཀྱིས་ཉིན་བརྒྱད་ཀྱི་རིང་ལ། ཟས་བརྗེད་གཉིད་ཆག་དང་ཉིན་མཚན་དབྱེར་མེད་དུ་འབད་པ་ལྷུར་ལེན་བྱས་པའི་འབྲས་བུ་དོན་ཐོག་ཏུ་ཤར་བ་མཚོན་ཐུབ།

མཇུག་མཐའི་རྟིང་རྩོད་འགྲན་སྡུར་ནི་ཚེས14དང་ཚེས15  ཚེས16བཅས་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། ཉིན་རེ་རེའི་འགྲན་ཐབས་ཀྱང་སྣ་མང་ཕུན་ཚོགས་སུ་མཆིས་པས། འགྲན་སྡུར་གྱི་ལྟད་མོ་ཇེ་ཡག་ནས་ཇེ་ཡག་དང་། འགྲན་ཞུགས་པའི་གནས་བབ་ཛ་དྲག་ནས་ཛ་དྲག་ཏུ་འགྲོ་བ་སྨོས་མེད་པ་རེད།


འགྲན་སྡུར་གྱི་གོ་རིམ་ཆ་ཚང་སྟེགས་བུ་དྲུག་ནས་ཐད་གཏོང་བྱས་པར་ལྟ་མཁན་ས་ཡ་གཅིག་དང་འབུམ་བཞི་ལས་བརྒལ་ལ། འདི་ནི་ད་ལོའི་འགྲན་སྡུར་གྱི་ཐད་གཏོང་ལས་ཆེས་མཐོ་བའི་ཟིན་ཐོ་རེད།

འགྲན་སྐོར་གཉིས་པ།

མཁྱེན་རབ་མཐའ་ཡས།

རྟ་མགྲིན་ཚེ་བརྟན།

མདོ་འཛིན་པ་རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ།

འགྲན་སྐོར་གསུམ་པ།

དོན་འགྲུབ།

གནམ་མཚོ།

འགྲན་སྐོར་བཞི་བ།

སྐལ་བཟང་བཀྲ་ཤིས།

ཚེ་རིང་སྒྲོལ་མ།

འགྲན་སྐོར་ལྔ་བ།

ཕག་མོ་སྒྲོལ་མ།

འཇིགས་མེད།

འགྲན་སྐོར་དྲུག་པ།

རྟ་མགྲིན་རྡོ་རྗེ།

རྣམ་རྒྱལ་སྒྲོལ་མ།

འགྲན་སྐོར་བདུན་པ།

དཀོན་མཆོག་སྐྱབས།

འཕྲིན་ལས།

འགྲན་སྐོར་བརྒྱད་པ།

རྟ་མགྲིན།

རིག་འཛིན་ལྷ་མོ།

འགྲན་སྐོར་དགུ་བ།

བསམ་ཁོ།

འཇམས་དབྱངས་དངོས་གྲུབ།

འགྲན་སྐོར་བཅུ་བ།

སྐལ་བཟང་རྣམ་གྲོལ།

གུ་རུ་ཚེ་བརྟན།

རྡུང་ལེན་པའི་རྒྱབ་གྲོགས་དཔུང་ཚོགས།