མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་སྐབས་བདུན་པའི་རྟིང་རྩོད་དངོས་སུ་མགོ་བརྩམས།
2020.12.01 ཁུངས། ཀློག་གྲངས། 508

ཚེས20ཉིན་གྱི་ཕྱི་དྲོར། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྟིང་རྩོད་འགྲན་སྡུར་དངོས་སུ་མགོ་བརྩམས། རྟིང་རྩོད་འགྲན་སྡུར་ལ་རིམ་པ་གཉིས་སུ་བགོས་ཡོད་ཅིང་། རིམ་པ་དང་པོ་ཚེས20ཉིན་དང་ཚེས21ཉིན་ལ་སྤེལ་རྒྱུ་ཡིན།དབྱར་ཟླ་གསུམ་གྱི་ཐོག་མའི་འགྲན་སྡུར་དང་ཉིན་གསུམ་གྱི་བསྐྱར་འགྲན་སྐོར་གསུམ་འགྲན་སྡུར་བྱས་པ་བརྒྱུད། འགྲན་ཞུགས་རྡུང་ལེན་པ་རྣམས་ཀྱིས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་བྱང་ཆ་དང་། གར་སྟེགས་ཀྱི་རྩལ་ཉམས་སོགས་རང་རང་གི་འཇོན་ཐང་སྐབས་བདུན་པའི་གར་སྟེགས་སྟེང་ངོམ་ཞིང་། རྒྱ་ཆེ་བའི་ལྟད་མོ་བའི་ཚོགས་ལ་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་གཞན་དྲིང་མི་འཇོག་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་བསྟན་པ་མ་ཟད། རང་སྐྱ་ཐུབ་ཅིང་སྲོལ་རྒྱུན་གྱི་རྨང་མཐུག་པའི་རོལ་མོ་བྱེ་བྲག་དེའི་གཟི་མདངས་ལེགས་པར་བསྟན་ནས། སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་རང་མདངས་མཚོན་པར་བྱས།



རྟིང་རྩོད་འགྲན་སྐོར་དང་པོ།


རྟིང་རྩོད་འགྲན་སྡུར་རིམ་པ་དང་པོའི་འགྲན་སྡུར་བྱེད་ཐབས།


འགྲན་ཞུགས་རྡུང་ལེན་པས་གླུ་ལེན་མགོ་བརྩམས་པ་ནས་བླངས་ཚར་བའི་བར་དུ་དཔྱད་འདེམ་པ་ལྔས། སོ་སོའི་རང་ཉིད་ཀྱི་སྒྱུ་རྩལ་རོལ་མྱོང་གི་ཁམས་དང་མོས་པར་གཞིགས་ནས་རང་ཉིད་དགའ་བའི་འགྲན་ཞུགས་རྡུང་ལེན་པ་བསལ་འདེམས་བྱས་ཆོག་ལ།  གལ་ཏེ་འགྲན་ཞུགས་རྡུང་ལེན་པར་དཔྱད་འདེམ་པ་གཅིག་གིས་ཀྱང་གློག་མ་མནན་ཚེ་ཕམ་ཟིན་པ་ཡིན་ལ།  ཡང་འགྲན་ཞུགས་རྡུང་ལེན་པ་གང་རུང་ཞིག་ལ་དཔྱད་འདེམ་པའི་གློག་གཉིས་ཡན་གྱི་རྒྱབ་སྐྱོར་ཐོབ་ཚེ།  འགྲན་ཞུགས་རྡུང་ལེན་པས་རང་ཉིད་ལ་སྤྲོ་བ་ལྡན་པའི་མཛུབ་སྟོན་དགེ་རྒན་ཞིག་བསལ་འདེམ་བྱས་ཆོག



རྒན་རྡོ་རེད་ལ་བཅར་འདྲི་བྱས་པ།


རྟིང་རྩོད་འགྲན་སྡུར་གྱི་འགྲན་ཐབས་གསར་བ་དེ། དཔྱད་འདེམ་པ་དང་འགྲན་ཞུགས་པས་ཕན་ཚུན་འདེམ་པའི་འགྲན་ཐབས་བརྒྱུད། དཔྱད་འདེམ་པ་གསང་བདག་ལ་འགྲན་ཞུགས་སློབ་མ་གཅིག་དང་། དཔྱད་འདེམ་པ་རྡོ་རེད་འགྲན་ཞུགས་སློབ་མ་གཉིས། དཔྱད་འདེམ་པ་སྒྲོལ་མ་སྐྱབས་ལ་འགྲན་ཞུགས་སློབ་མ་གཉིས། དཔྱད་འདེམ་པ་ཤེར་བསྟན་ལ་འགྲན་ཞུགས་སློབ་མ་གཅིག  དཔྱད་འདེམ་པ་ཁོ་བསྟན་ལ་འགྲན་ཞུགས་སློབ་མ་གསུམ་བཅས་བདམས་ཐོན་བྱུང་།.


དཔྱད་འདེམ་པ་ལྔ།

མདོ་འཛིན་པ་རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ།



རྟིང་རྩོད་འགྲན་སྐོར་དང་པོའི་འགྲན་ཞུགས་པ།

མཁྱེན་རབ་མཐའ་ཡས།

རྟ་མགྲིན་ཚེ་འཕེལ།

ཕུར་བ་རྡོ་རྗེ།

དགེ་གྲུབ།

རྟ་མགྲིན།

དཔལ་མཁར་རྒྱལ།

ཟོན་ཐར།

རྟ་མགྲིན་རྡོ་རྗེ།

མགོན་པོ་བཀྲ་ཤིས།

དོན་འགྲུབ་རབ་བརྟན།

དཀོན་མཆོག་སྐྱབས།

དཔལ་མགོན།

དུང་དཀར་རོལ་ཚོགས།

སྐལ་བཟང་དར་རྒྱས།

འཇམ་དབྱངས་དངོས་གྲུབ།

ཀླུ་འབུམ་རྒྱལ།

བསོད་ནམས་དབང་འདུ།

སྐལ་བཟང་བཀྲ་ཤིས།

བསམ་ཁོ།

རྣམ་རྒྱལ་སྒྲོལ་མ།

ཚོགས་རའི་ཟུར་ཞིག



རྟིང་རྩོད་འགྲན་སྐོར་དང་པོ་ལས་མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་འགྲན་ཞུགས་པ།

མཁྱེན་རབ་མཐའ་ཡས།

རྟ་མགྲིན།

དཔལ་མཁར་རྒྱལ།

རྟ་མགྲིན་རྡོ་རྗེ།

དཀོན་མཆོག་སྐྱབས།

འཇམ་དབྱངས་དངོས་གྲུབ།

སྐལ་བཟང་བཀྲ་ཤིས།

བསམ་ཁོ།

རྣམ་རྒྱལ་སྒྲོལ་མ།

ལྟད་མོ་བའི་ཚོགས།