མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྟིང་རྩོད་ཀྱི་རིམ་པ་དང་པོ་མཇུག་རྫོགས།
2020.12.01 ཁུངས། ཀློག་གྲངས། 527



ཟླ10པའི་ཚེས21ཉིན་གྱི་ཕྱི་དྲོར། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་དང་པོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་མཇུག་སྒྲིལ།


རྟིང་རྩོད་འགྲན་སྐོར་གཉིས་པ།


ཁ་སང་རྟིང་རྩོད་འགྲན་སྡུར་གྱི་སྐོར་དང་པོ་འགྲན་སྡུར་བྱས་པ་དང་། ལྷག་པར་དུ་སྔར་སྤེལ་མ་མྱོང་བའི་འགྲན་ཐབས་བྱེད་ཐབས་གསར་བས་འགྲན་སྡུར་བྱས་པ་ན། དཔྱད་འདེམ་པ་དང་འགྲན་ཞུགས་པ་ཚོ་ལ་ཡང་སྔར་མེད་ཀྱི་སྟོབས་ཤུགས་རྒྱས་ལ། ཡུལ་དངོས་ལྟད་མོ་བ་དང་དྲ་ལམ་སོ་སོ་ན་ཐད་གཏོང་ལ་ལྟ་བའི་ལྟད་མོ་བ་དག་ཀྱང་འགྲན་ཐབས་གསར་བར་དགའ་མགུའི་ཡི་རང་ཐོབ་སྟེ། དྲ་ལམ་སོ་སོ་ནས་དཔྱད་འཇོག་དང་གདེང་འཇོག་མཐོན་པོ་གནང་ནས། དེང་རབས་སྔོན་ཐོན་རོལ་རྩེད་ཀྱི་ཉམས་སྣང་འདུག་ཅེས་མགྲིན་ངག་གཅིག་ཏུ་བརྗོད་བའི་ཚུལ་བྱུང་།



མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་སྐྱེས་མ་འགྲན་ཞུགས་པ་འགའ་ལ་བཅར་འདྲི་བྱས་པ།



སྐབས་འདིའི་འགྲན་སྡུར་གྱི་རྟིང་རྩོད་རིམ་པ་དང་པོ་ཉིན་གཉིས་སུ་བགར་ནས། འགྲན་ཞུགས་པ39ལས་འགྲན་ཞུགས་པ20གདམ་དགོས་ལ། འགྲན་སྡུར་ནི་གར་སྟེགས་སྟེང་གི་རྩལ་ཉམས་ལ་གཞིག་སྟེ། དཔྱད་འདེམ་དགེ་རྒན་གྱིས་གློག་འོད་མནོན་པ་དང་། དེ་ནས་དཔྱད་འདེམ་དགེ་རྒན་དང་འགྲན་ཞུགས་སློབ་མ་གཉིས་ཀྱིས་ཕན་ཚུན་གདམ་པའི་བྱེད་ཐབས་ཀྱིས་འགྲན་སྡུར་བྱས་མཐར། དཔྱད་འདེམ་དགེ་རྒན་ཚོར་འགྲན་ཞུགས་སློབ་མ་བཞི་རེ་སྟེ། དཔྱད་འདེམ་དགེ་རྒན་གསང་བདག་ལ་འགྲན་ཞུགས་སློབ་མ་དཔལ་ཆེན་རྡོ་རྗེ་དང་སྐལ་བཟང་རྣམ་གྲོལ། རྣམ་རྒྱལ་སྒྲོལ་མ། དོན་གྲུབ་བཅས་དང་། དཔྱད་འདེམ་དགེ་རྒན་རྡོ་རེད་ལ་འགྲན་ཞུགས་སློབ་མ་དཀོན་མཆོག་སྐྱབས་དང་མཁྱེན་རབ་མཐའ་ཡས། ཚེ་རིང་སྒྲོལ་མ། གུ་རུ་ཚེ་བརྟན་བཅས་དང་། དཔྱད་འདེམ་དགེ་རྒན་སྒྲོལ་མ་སྐྱབས་ལ་འགྲན་ཞུགས་སློབ་མ་འཇམ་དབྱངས་དངོས་གྲུབ་དང་། རྟ་མགྲིན་ཚེ་བརྟན། རིག་འཛིན་ལྷ་མོ། རྟ་མགྲིན་རྡོ་རྗེ་བཅས་དང་། དཔྱད་འདེམ་དགེ་རྒན་ཤེར་བསྟན་ལ་འགྲན་ཞུགས་སློབ་མ་འཇིགས་མེད་དང་བསམ་ཁོ། གནམ་མཚོ་སྐྱིད། འཕྲིན་ལས་བཅས་དང་། དཔྱད་འདེམ་དགེ་རྒན་ཁོ་བསྟན་ལ་འགྲན་ཞུགས་སློབ་མ་སྐལ་བཟང་བཀྲ་ཤིས་དང་དཔལ་མཁར་རྒྱལ། ཕག་མོ་སྒྲོལ་མ། རྟ་མགྲིན་བཅས་བདམས་ཐོན་བྱུང་།


སྐབས་བདུན་པའི་དཔྱད་འདེམ་དགེ་རྒན།

བདམས་ཐོན་བྱུང་བའི་འགྲན་ཞུགས་པ20ནི་མཇུག་མཐའི་རྟིང་རྩོད་དུ་ཚུད་པ་དང་། མཇུག་མཐའི་རྟིང་རྩོད་ནི་ཟླ11པར་སྤེལ་རྒྱུ་ཡིན་པས། ཀུན་གྱིས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།


སྐབས་བདུན་པའི་མདོ་འཛིན་པ།

འགྲན་སྐོར་གཉིས་པའི་འགྲན་ཞུགས་པ།

ཚེ་རིང་སྒྲོལ་མ།

དོན་གྲུབ།

ཡེ་ཤེས་བསྟན་འཛིན།

རྟ་མགྲིན་ཚེ་རིང་།

སྐལ་བཟང་རྣམ་གྲོལ།

འཇིགས་མེད།

ཚེ་རིང་བཀྲ་ཤིས།

སྟོབས་ལྡན་དབང་འདུ།

སྐྱེས་མཆོག་རྡོ་རྗེ།

ལྷ་བྷོ།

བློ་བཟང་བཀྲ་ཤིས།

ཕག་མོ་སྒྲོལ་མ།

རྟ་མགྲིན་ཚེ་བརྟན།

རིག་འཛིན་ལྷ་མོ།

མདོ་ཐུབ་ཚེ།

དཔལ་ཆེན་རྡོ་རྗེ།

གུ་རུ་ཚེ་བརྟན།

གནམ་མཚོ་སྐྱིད།

འཕྲིན་ལས།

འགྲན་ཞུགས་པའི་སྡེ།

མཇུག་མཐའི་རྟིང་རྩོད་དུ་ཚུད་པའི་འགྲན་ཞུགས་པ།

ཚེ་རིང་སྒྲོལ་མ།

དོན་གྲུབ།

སྐལ་བཟང་རྣམ་གྲོལ།

འཇིགས་མེད།

ཕག་མོ་སྒྲོལ་མ།

རྟ་མགྲིན་ཚེ་བརྟན།

རིག་འཛིན་ལྷ་མོ།

དཔལ་ཆེན་རྡོ་རྗེ།

གུ་རུ་ཚེ་བརྟན།

གནམ་མཚོ་སྐྱིད།

འཕྲིན་ལས།

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

ལྟད་མོ་བའི་ཚོགས།

ལྟད་མོ་བའི་ཚོགས།

དཔྱད་འདེམ་དགེ་རྒན་གསང་བདག་དང་ཁོའི་འགྲན་ཞུགས་སློབ་མ།

དཔྱད་འདེམ་དགེ་རྒན་རྡོ་རེད་དང་ཁོའི་འགྲན་ཞུགས་སློབ་མ།

དཔྱད་འདེམ་དགེ་རྒན་སྒྲོལ་མ་སྐྱབས་དང་ཁོའི་འགྲན་ཞུགས་སློབ་མ།

དཔྱད་འདེམ་དགེ་རྒན་ཤེར་བརྟན་དང་ཁོའི་འགྲན་ཞུགས་སློབ་མ།

དཔྱད་འདེམ་དགེ་རྒན་ཁོ་བསྟན་དང་ཁོའི་འགྲན་ཞུགས་སློབ་མ།

འགྲན་ཞུགས་པ་ཡོངས།

འགྲན་ཞུགས་པ་ཡོངས།

འགྲན་ཞུགས་པ་ཡོངས།

འགྲན་ཞུགས་པ་ཡོངས།