མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བསྡུ་བའི་སྙན་ཞུ་ཚོགས་འདུ་བསྡུས།
2020.04.24 ཁུངས། ཀློག་གྲངས། 1488

ཟླ4ཚེས23ཉིན། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བསྡུ་བའི་སྙན་ཞུ་ཚོགས་འདུ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཝང་ཧྲོའང་ཆོན་དང་། ཐེ་ཀྲང་གཞོན་པ་བློ་བཟང་། དེ་མིན་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་འབྲེལ་ཡོད་འགན་ཁུར་པ་རྣམས་ཚོགས་འདུར་ཞུགས།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ། ཐེངས་འདིའི་འགྲན་སྡུར་གྱི་སྤྱིའི་གནས་ཚུལ་ཡར་ཞུ་བྱས་པ་དང་། སྤྱིའི་འཁྲབ་ཁྲིད་པ་འཇམ་དབྱངས་བསྟན་འཛིན་གྱིས་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འཆར་འགོད་དང་། འགྲན་སྡུར་གྱི་སྒྲིག་རིམ་སོགས་ཐད་ནས་མཚམས་སྦྱོར་བྱས་ལ། ཚོགས་ཞུགས་མགོ་ཁྲིད་དག་གིས་ཀྲུང་གོའི་གཏམ་རྒྱུད་ལེགས་པར་བཤད་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ཤུགས་སྣོན་བྱས་ཏེ། སྐབས་འདིའི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་འགྲན་སྡུར་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ། ཐེངས་འདིའི་འགྲན་སྡུར་གྱི་སྤྱིའི་གནས་ཚུལ་ཡར་ཞུ་བྱེད་བཞིན་པ།


མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ནི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། འདི་ནི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ། རྒྱུད་འཛིན་བཅས་བྱེད་པ་བརྗོད་དོན་དུ་བཟུང་པའི་རིག་རྩལ་བྱེད་སྒོ་ཆེན་མོ་ཞིག་ཡིན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་ཝང་ཧྲོའང་ཆོན(གཡས)དང་། ཐེ་ཀྲང་གཞོན་པ་བློ་བཟང(གཡོན)གཉིས་ཀྱིས་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པར་མཛུབ་སྟོན་གནང་བཞིན་པ།


སྒྲ་སྙན་རྡུང་ལེན་ནི་ཀྲུང་ཧྭ་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱ་ཆེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་ལྟའི་བར་འགྲན་སྡུར་སྐབས་དྲུག་ལ་སྤེལ་ཞིང་། དེ་ལས་བོད་རིགས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཇེ་རྒྱས་དང་། རིག་གནས་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཤན་ཤུགས་རབ་ཏུ་ཆེ་བའི་མིང་དུ་གྲགས་པའི་རིག་རྩལ་འགྲན་སྡུར་ཞིག་ཏུ་གྱུར་ཡོད། རིག་གནས་སྒྱུ་རྩལ་འདིའི་ཁྱབ་སྤེལ་སྔར་བས་ཇེ་ལེགས་དང་ཇེ་རྒྱས་སུ་གཏང་ཆེད། ད་ལོ་ནས་བཟུང་མདོ་ཁམས་ས་ཁུལ་ལས་བོད་རང་སྐྱོང་ལྗོངས་སུ་རྒྱ་བསྐྱེད་དེ། བོད་ཁམས་ཡོངས་ཀྱི་རིགས་སོ་སོའི་རྡུང་ལེན་པ་ཡོད་ཚད་ཞུགས་ཆོག་པར་བྱས་ཡོད་ལ། འགྲན་སྡུར་གྱི་མིང་ཡང་སྔར་གྱི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པ་དེ་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པར་བསྒྱུར་ཡོད།

སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྤྱིའི་འཁྲབ་ཁྲིད་པ་འཇམ་དབྱངས་བསྟན་འཛིན་གྱིས་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འཆར་འགོད་དང་། འགྲན་སྡུར་གྱི་སྒྲིག་རིམ་སོགས་ཐད་ནས་མཚམས་སྦྱོར་བྱེད་བཞིན་པ།

ཚོགས་འདུའི་ཡུལ་དངོས།