མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བསྡུ་བའི་བརྡ་སྦྱོར།
2020.04.25 ཁུངས། ཀློག་གྲངས། 1058

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་བསྡུ་བའི་བརྡ་སྦྱོར།


མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ་ད་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་གཟབ་རྒྱས་ངང་བསྡུ་འཆར་ཡིན་པས། རྡུང་ལེན་ལ་ཐུགས་མོས་ཆེ་བའི་གྲོགས་པོ་རྣམས་དུས་ལྟར་དངོས་ཞུགས་གནང་བར་དགའ་བསུ་ཞུ།

སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གནས་ཚུལ་གསལ་བོར་ཤེས་འདོད་ན་མུ་མཐུད་དུ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོངAPPདང་། ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་བཅས་ལ་ཐུགས་སྣང་མཛད་རོགས།