མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དང་མིང་ཐོ་འགོད་སྟངས།
2020.04.28 ཁུངས། ཀློག་གྲངས། 1679

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་དེ་སྤྱི་ཟླ་དྲུག་པའི་ཟླ་སྟོད་ནས་བཟུང་རིམ་བཞིན་འགྲན་ཁུལ་སོ་སོ་ནས་དངོས་སུ་མགོ་རྩོམ་རྒྱུ་ཡིན་པས། རྡུང་ལེན་ལ་ཐུགས་མོས་ཆེ་བའི་གྲོགས་པོ་རྣམས་དུས་ལྟར་དངོས་ཞུགས་གནང་བར་དགའ་བསུ་ཞུ།

ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དག་ནི། ལྷ་ས་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་ལྷ་ས་གྲོང་ཁྱེར། ལྷ་ས་འགྲན་ཁུལ་གྱི་ཁོངས་སུ་ལྷ་ས་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར། ལྷོ་ཁ་ས་ཁུལ། ནག་ཆུ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་འདུ་བ་ཡིན།

གཞིས་ཀ་རྩེ་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་གཞིས་ཀ་རྩེ་གྲོང་ཁྱེར། གཞིས་ཀ་རྩེ་འགྲན་ཁུལ་གྱི་ཁོངས་སུ་མངའ་རིས་ས་ཁུལ་དང་གཞིས་ཀ་རྩེ་ས་ཁུལ་འདུ་བ་ཡིན།

རྔ་བ་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་ཁྱུང་མཆུ་རྫོང་ཐོག རྔ་བ་འགྲན་ཁུལ་གྱི་ཁོངས་སུ་རྔ་བ་ཁུལ་གྱི་རྫོང་ཚང་མ་འདུ་བ་ཡིན།

དཀར་མཛེས་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་གསེར་རྟ་རྫོང་ཐོག དཀར་མཛེས་འགྲན་ཁུལ་གྱི་ཁོངས་སུ་དཀར་མཛེས་ཁུལ་གྱི་རྫོང་ཚང་མ་འདུ་བ་ཡིན།

གཙོས་འགྲན་ཁུལ།  འགྲན་སྡུར་བྱེད་ཡུལ་གཙོས་གྲོང་ཁྱེར། གཙོས་འགྲན་ཁུལ་གྱི་ཁོངས་སུ་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། ཅོ་ནེ་རྫོང་། དཔའ་རིས་རྫོང་བཅས་འདུ་བ་ཡིན།

ཀླུ་ཆུ་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་ཀླུ་ཆུ་རྫོང་ཐོག ཀླུ་ཆུ་འགྲན་ཁུལ་གྱི་ཁོངས་སུ་ཀླུ་ཆུ་རྫོང་དང་འབྲུག་ཆུ་རྫོང་། རྨ་ཆུ་རྫོང་། ཐེ་བོ་རྫོང་བཅས་འདུ་བ་ཡིན།

རྨ་ལྷོ་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་རོང་བོ་གྲོང་རྡལ། རྨ་ལྷོ་འགྲན་ཁུལ་གྱི་ཁོངས་སུ་རྨ་ལྷོ་ཁུལ་གྱི་རྫོང་ཚང་མ་དང་མཚོ་ནུབ་ཁུལ་གྱི་རྫོང་ཚང་མ་འདུ་བ་ཡིན།

མཚོ་ལྷོ་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་ཆབ་ཆ་གྲོང་རྡལ། མཚོ་ལྷོ་འགྲན་ཁུལ་གྱི་ཁོངས་སུ་མཚོ་ལྷོ་ཁུལ་གྱི་རྫོང་ཚང་མ་དང་མཚོ་བྱང་ཁུལ་གྱི་རྫོང་ཚང་མ་འདུ་བ་ཡིན།

ཟི་ལིང་འགྲན་ཁུལ། འགྲན་སྡུར་བྱེད་ཡུལ་ཟི་ལིང་གྲོང་ཁྱེར། ཟི་ལིང་འགྲན་ཁུལ་གྱི་ཁོངས་སུ་ཟི་ལིང་ས་ཁུལ་དང་མཚོ་ཤར་ས་ཁུལ། ཡུལ་ཤུལ་ཁུལ་གྱི་རྫོང་ཚང་མ། མགོ་ལོག་ཁུལ་གྱི་རྫོང་ཚང་མ་བཅས་འདུ་བ་ཡིན།

མིང་ཐོ་འགོད་སྐབས་གཤམ་གྱི་སྐད་འཕྲིན་བཤེར་རིས་བརྒྱུད་ནས་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་སྐབས་འགྲན་ཞུགས་པས་རང་ཉིད་ཀྱི་སྡོད་དམངས་ལག་འཁྱེར་གྱི་ཨང་གྲངས་དང་ཁ་པར་ཨང་གྲངས། རང་ཉིད་ཀྱི་འདྲ་པར་བཅས་བསྐུར་ཡོང་དགོས།  བློ་འདྲིའི་ཁ་པར་ཨང་གྲངས155-0060-7387ཡིན།

མིང་ཐོ་འགོད་སའི་སྐད་འཕྲིན་བཤེར་རིས།

སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གནས་ཚུལ་གསལ་བོར་ཤེས་འདོད་ན་མུ་མཐུད་དུ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོངAPPདང་། ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་བཅས་ལ་ཐུགས་སྣང་མཛད་རོགས།