གླུ་ཚིག་ཡར་སྤྲོད་དང་མིང་ཐོ་འགོད་ཐབས།
2020.06.03 ཁུངས། ཀློག་གྲངས། 3354

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལ་ཞུགས་པའི་འགྲན་ཞུགས་པ་དག་ལ་གསལ་འདེབས་ཞུ་དོན།

གཅིག སྤྱི་ཟླ5ཚེས31ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་ཡིན་པས། ཚང་མས་དུས་ཚོད་དམ་འཛིན་བྱ་རྒྱུ་གལ་ཆེ།

གཉིས། འགྲན་སྡུར་ལ་ཞུགས་པའི་གླུ་ཚིག་ཡོད་ཚད་ངེས་པར་དུ་སྤྱི་ཟླ5ཚེས31ཉིན་གྱི་སྔོན་ལ་གཏན་འཁེལ་གྱི་དྲ་ལམ་བརྒྱུད་ནས་ང་ཚོར་བསྐུར་ཡོང་དགོས།

གསུམ། ཐོག་མའི་འགྲན་སྡུར་ལ་ཞུགས་པའི་རྡུང་ལེན་མཁན་ཚང་མས་འགྲན་ཁུལ་སོ་སོར་མིང་ཐོ་འགོད་དུ་ཡོང་དུས་ངེས་པར་དུ་རང་ཉིད་ཀྱི་སྡོད་དམངས་ལག་འཁྱེར་བཟུང་ནས་ཡོང་དགོས།

བཞི། འགྲན་ཐེངས་རེ་རེའི་ཡུལ་དངོས་ཀྱི་སྒྲ་གཟུགས་ཆ་ཚང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPPལས་ཐད་གཏོང་བྱ་རྒྱུ་ཡིན་པས། འགྲན་ཞུགས་རྡུང་ལེན་མཁན་དག་ནས་རང་རང་གི་རྒྱན་གོས་ལ་དང་དོད་བྱ་དགོས།

ལྔ། རྟིང་རྩོད་འགྲན་སྡུར་མ་གཏོགས་པའི་འགྲན་རིམ་གཞན་དག་གི་འགྲན་ཞུགས་པའི་པའི་འགྲོ་འདུག་ཟས་གསུམ་གྱི་འགྲོ་སོང་ཚང་མ་མི་རང་སྒེར་ནས་འགན་འཁུར་དགོས།