འགྲན་སྡུར་གྱི་ཐད་གཏོང་དང་གཟིགས་བཟོས།
2020.06.03 ཁུངས། ཀློག་གྲངས། 9059

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི” སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར། བྱ་དགའ་སྟེར་བའི་དགོང་ཚོགས་བཅས་ཀྱི་ཡུལ་དངོས་སྒྲ་གཟུགས་གཅིག་ཀྱང་མ་ལུས་པར་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོང་APPལས་རིམ་པ་བཞིན་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་མཁན། ད་དུང་ཀུན་གྱི་ཡིད་སྨོན་ཐོབ་པའི་རྡུང་ལེན་མཁན་བཅས་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཆེད་ཞུས་རྡུང་ལེན་མཁན་གྱི་དཔང་ཡིག་བྱིན་ཏེ། ངེད་ལས་ཁུངས་ཀྱིས་བསྒྲུབ་པའི་ལོ་སར་དགོང་ཚོགས་སོགས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པར་མ་ཟད། ད་དུང་དེ་ལ་ཆེད་སྒྲིག་གི་ལེ་ཚན་སོགས་ཀྱང་བཀོད་སྒྲིག་བྱ་ངེས་ཡིན།