ཉེ་ལམ། རྒྱལ་ཁབ་དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་དང་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་བྱ་བའི་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་རང་ཞིང་དུ་ཡོང་སྟེ་དབུལ་ཐར་མཁྲེགས་གཏོར་དང་མི་གྲངས་ཁྱབ་བཤེར་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐབས་སུ། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཧྲིན་ལའེ་ཡུན་སོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་དང་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་བྱ་བའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་ཆི་ལིན་རྫོང་། ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱི་ཁྱབ་རུ་ཁག་བཅས་སུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། འཐབ་ཕྱོགས་དང་པོ་རུ་བྱ་བ་སྒྲུབ་བཞིན་པའི་མི་སྣར་འཚམས་འདྲི་ཞུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་མི་སྣར་འགྲོ་རོགས་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་འབྲེལ་ཡོད་བྱ་བ་ཡར་ཞུ་བྱས་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་རྟོག་ཞིབ་བྱ་བར་ཞུགས།
ལོ་ཙཱ་བ། བཀྲ་ཤིས་འབུམ།