མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་དར་དམར་སློབ་གྲྭས་ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུར་སློབ་སྦྱོང་ལེགས་པོ་བྱས།
2020.11.23 ཁུངས། ཀློག་གྲངས། 5

ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ནི་བོད་ལྗོངས་བཅོས་སྐྱོང་དང་བོད་ལྗོངས་བརྟན་ལྷིང་།  བོད་ལྗོངས་དར་རྒྱས་ལ་འབྲེལ་བའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན།  བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ།  སྔ་གཞུག་ཏུ་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ལ་ཚོགས་པ་རེད།

དར་དམར་སློབ་གྲྭའི་དགེ་བཟོ་བ་རྣམས་ཀྱིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་པ།

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་ཀྲུང་དབྱང་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བསྡུས་པ་དང་། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནངས་པའི་གསུངས་བཤད་གལ་ཆེན་གྱིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་བོད་ཀྱི་ལས་དོན་བཟང་བོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་གྲྭའི་དགེ་བཟོ་བའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་ནས་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར། ང་ཚོ་སློབ་གྲྭའི་ནང་དུ་ཐོན་པ་ན་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་འདུག  (ཡུལ་དངོས་ཀྱི་སྒྲ)ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་གྲྭ་ནི་1962ལོར་བཙུགས་ཤིང་།  སློབ་གྲྭ་ཡོངས་ལ་དགེ་བཟོ་བ་99དང་འཛིན་གྲྭ་36ཡོད་པར་སློབ་མ་1962ཡོད་པ་རེད།

      ཐེངས་འདིའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་སློབ་སྦྱོང་བྱས་པའི་གནས་ཚུལ་ཐད་ནས་དར་དམར་སློབ་གྲྭའི་ཏང་ཀྲི་པུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བུ་མོས་བཤད་རྒྱུར།  ཟླ8པའི་ཚེས28ཉིན། ང་ཚོ་སློབ་གྲྭས་དགེ་བཟོ་བ་དང་སློབ་མ་ཡོངས་རྩ་འཛུགས་བྱས་ཏེ་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གནས་ཚུལ་ལ་ནན་ཏན་གྱིས་བལྟས་པ་དང་། ཚོགས་འདུའི་རྗེས་སུ་ཚང་མས་རང་རང་གི་སེམས་ཚོར་མཉམ་སྤྱོད་དང་བགྲོ་གླེང་བྱས་པ་ཡིན། བཞུགས་མོལ་ཚོགས་འདུའི་སྟེང་གི་སློབ་གསོའི་སྣེ་ཁྲིད་ལ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་གང་ལེགས་བྱེད་དགོས་པའི་གསུངས་བཤད་དགོངས་དོན་ཐད་ནས། སློབ་གྲྭས་དགེ་བཟོ་བ་ཡོངས་ཀྱིས་བསམ་བློའི་ཆབ་སྲིད་སློབ་གསོར་ཤུགས་སྣོན་བྱས་ཏེ་རྒྱལ་གཅེས་རིང་ལུགས་བསམ་བློ་སློབ་གསོའི་གོ་རིམ་ཧྲིལ་བོར་འདྲེས་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱས་ནས་རྒྱལ་གཅེས་ཀྱི་ས་བོན་ན་གཞོན་ལོ་ཆུང་རེ་རེའི་སེམས་ཀྱི་ཟབ་སར་འཇོག་དགོས་པའི་རེ་བ་བཏོན།

དར་དམར་སློབ་གྲྭའི་ཏང་ཀྲི་པུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བུ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།


ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དར་དམར་སློབ་གྲྭའི་དགེ་བཟོ་བ་དང་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་ཇི་ལྟར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་བཞིན་པའི་སྐོར་གླེང་སྐབས།   དར་དམར་སློབ་གྲྭའི་དགེ་རྒན་ལྷ་ཆེན་རྒྱལ་གྱིས་བཤད་རྒྱུར།  བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ནི་བོད་ལྗོངས་གཙོ་བྱས་བོད་འབྲེལ་ས་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་ལམ་ཕྱོགས་སྟོན་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་ནི་ལོ་ཆུང་བྱིས་པ་དག་ལ་རག་ལས་པ་དང་། ང་ཚོ་དགེ་རྒན་རྣམས་ནི་བྱིས་པ་འདི་དག་སྐྱེད་སྲིང་བྱེད་མཁན་ཡིན་པས། ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཚེ་ད་གཟོད་ལོ་ཆུང་བྱིས་པ་རྣམས་ལ་བསམ་བློའི་ཁ་ཕྱོགས་ཡང་དག་སྟོན་ཐུབ་ཟེར།

གསར་འགོད་པས་དར་དམར་སློབ་གྲྭའི་དགེ་རྒན་ལྷ་ཆེན་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། ཤ་བོ་གསེར་མཚོ། ལྕགས་ཐར་ཚེ་རིང་། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།