ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ཐད་མ་དངུལ་སྒོར་དུང་ཕྱུར་སྟོང་གཅིག་དང་རེ་དགུ་བཏང་།
2020.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། ཞིང་གསུམ་དང་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་བྱ་བ་དམིགས་འབེན་དུ་བཟུང་སྟེ། ནོར་སྲིད་མ་དངུལ་གཏོང་ཤུགས་ཟམ་མ་ཆད་པའི་སྒོ་ནས་ཆེ་རུ་བཏང་མཐར། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་བདེ་ལེགས་ངང་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དབུལ་ཐར་མཁྲེགས་གཏོར་དང་འབྲེལ་བའི་ལས་རིམ་སོ་སོར་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་སྟོང་གཅིག་དང་རེ་དགུ་ལ་སླེབས་ཡོད་ཅིང་། ལོ་རེར་ཆ་སྙོམས་མ་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་དང་བཅུ་བཞི་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། དེས་ལོ་རེའི་སྤྱིར་བཏང་རང་བཞིན་གྱི་སྤྱི་བའི་སྔོན་རྩིས་འགྲོ་སོང་གི་རྒྱ་ཆའི་བཅུ་གཉིས་ཡན་ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མིག་མངས་འགྲིག་སྐོར་གཅིག་གི་དབུལ་ཐར་མཁྲེགས་གཏོར་ནོར་ཤུགས་འགན་སྲུང་གི་རྣམ་པ་གྲུབ་པར་བྱས་པས། མཚོ་སྔོན་གྱིས་ལོ་གཅིག་གི་སྔོན་ལ་ལྟོས་མེད་དབུལ་ཕོངས་ཀྱི་མི་གྲངས་ཁྱོན་ཡོངས་ནས་མེད་པར་བཏང་བའི་དམིགས་འབེན་མངོན་འགྱུར་བྱས།

ལོ་ཙཱ་བ། བན་དེ་སྐྱབས།