མཚོ་སྔོན་གྱི་དབུལ་ཕོངས་ངལ་རྩོལ་པ་འབུམ་གཅིག་དང་སྟོང་བདུན་བརྒྱད་བརྒྱ་ལས་ཞུགས་བྱས།
2020.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ད་ལོར། ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཞིབ་ཕྲ་སྒྲུབ་པའི་ཆེད་དོན་བྱ་བའི་སྤྱིའི་བཀོད་སྒྲིག་ལྟར་དུ། མ་གཞིར་རྟོག་ཞིབ་དང་རྩལ་ནུས་ཟབ་སྦྱོང་། ལས་ཞུགས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་ཞུགས་དབུལ་སྐྱོར་གྱི་ལས་རིམ་ཁག་སོ་སོའི་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས། མིག་སྔའི་བར་དུ། རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་སྟེང་མངོན་པ་ལྟར་ན། མཚོ་སྔོན་གྱི་དབུལ་ཕོངས་ངལ་རྩོལ་པ་འབུམ་གཅིག་དང་ཁྲི་བདུན་བརྒྱད་བརྒྱ་ལས་ཞུགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་གྱི་ལས་ཞུགས་དབུལ་སྐྱོར་བྱ་བ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤྱིའི་འོས་འགན་བཀོད་སྒྲིག་ཁྲོད་བཞག་སྟེ། ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་དབུལ་སྐྱོར་ཅུའུ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་བྱ་བའི་གྲོས་ཚོགས་བསྡུས་ནས། མཉམ་འབྲེལ་སྒོས་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་པ་ལས་ཞུགས་བྱེད་པའི་དམིགས་འབེན་འོས་འགན་སྲ་བརྟན་དུ་བཏང་བ་དང་། ལས་ཞུགས་དབུལ་སྐྱོར་གྱི་འོས་འགན་གཙོ་བོ་མངོན་གསལ་ཅན་དུ་བཏང་ནས་རིམ་པ་རེ་རེ་བཞིན་འགྲུབ་དགོས་པའི་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། ལས་ཞུགས་བྱ་བ་དངོས་འབེབས་དོན་འཁྱོལ་བྱས།

ལོ་ཙཱ་བ། བན་དེ་སྐྱབས།