རང་ཞིང་གིས་སྨན་བཅོས་འགན་སྲུང་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་བསྡོམས་པས་དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་ལྷག་ལ་ཁེ་ཕན་བསྐྲུན།
2020.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉིས་སྟོང་ཉི་ཤུ་ལོ་ནི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ་རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་གང་ལེགས་སྒོས་ངོམ་པར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རབ་དང་རིམ་པ་བསྡུས་པ་དང་། ཚེས་ཉེར་བརྒྱད་ཉིན་རང་ཞིང་གི་སྨན་བཅོས་འགན་སྲུང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

མཚམས་སྦྱོར་བྱས་པ་ལྟར་ན། རང་ཞིང་གི་རིམ་པ་སོ་སོའི་སྨན་བཅོས་ལུས་ཁམས་བདེ་སྲུང་ལས་ཁུངས་བཙུགས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག  གཞི་རྩའི་སྨན་བཅོས་འགན་སྲུང་བྱས་པའི་དམིགས་འབེན་དང་རེ་བ་གཅིག་སྡུད་བྱས་ཏེ། ནུས་ལྡན་བྱེད་ཐབས་སྤྱད་པ་དང་སེམས་ཤུགས་ཡོད་རྒུ་བཏོན་ནས་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་མི་ས་ཡ་བཞི་དང་འབུམ་ལྔ་ཁྲི་བཞི་ལྷག་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ཁྲོད་ཞུགས་པ་དང་། ཁྱིམ་ཐོ་ཡོད་པའི་མི་གྲངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་ལྔ་ལ་སླེབས། ཉིས་སྟོང་བཅོ་བརྒྱད་ལོ་ནས་ད་ལྟའི་བར། སྨན་བཅོས་འགན་སྲུང་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པས་བསྡོམས་པས་དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་ལྷག་ལ་ཁེ་ཕན་ཐོབ། དབུལ་ཕོངས་མི་གྲངས་རྣམས་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ཁྲོད་ཞུགས་ཏེ་བསྡོམ་པས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་གཅིག་གིས་རོགས་སྐྱོར་བྱས་པ་དང་། དཀའ་ཁག་ཆེ་བའི་མི་གྲངས་ཀྱི་སྨན་བཅོས་འགྲོ་སོང་སྒོར་མོ་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ལྷག་ཇེ་ཉུང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁབ་ལེན་པར་རོགས་འདེགས་བྱས་པ་དང་བདེ་ཐང་དབུལ་སྐྱོར་བྱ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག

                                                                                                        ལོ་ཙྰ་བ། བཀྲ་ཤིས་འབུམ།