ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་གཅིག་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྔར་ལས་སྲ་བརྟན་རྒྱ་བསྐྱེད་བཏང་།
2021.01.20 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉིས་སྟོང་ཉེར་གཅིག་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕན་འབྲས་ལྡན་པའི་ངང་ནས་སྲ་བརྟན་དུ་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན། དབུལ་ཐར་ས་ཁུལ་གྱི་སྦྲེལ་མཐུད་འཆར་འགོད་བྱ་བར་སྔ་ས་ནས་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་ལས་གཞི་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ནོར་སྲིད་མ་དངུལ་བཀོལ་གཏོང་ལས་ཆོད་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད་དུ ། ཉེ་ལམ། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔ་མོ་ནས་ཉིས་སྟོང་ཉེར་གཅིག་ལོའི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་གཅིག་བཏང་སྟེ། དབུལ་ཐར་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྔར་ལས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་ཚན་རིག་ལུགས་མཐུན་གྱི་སྒོ་ནས་བགོ་འགྲེམ་རྒྱུ་རྐྱེན་བསྐྲུན་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་དབུལ་ཐར་མཁྲེགས་གཏོར་རྫོང་གི་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་ལྡན་པའི་སྦྲེལ་མཐུད་ཁྲོད་གནས་པའི་ཉེར་གནས་གནད་དོན་ལ་ཞིབ་འཇུག་གནད་འཁེལ་བྱས་ནས། ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་དབུལ་ཐར་བྱས་པའི་དུས་ཚོད་དང་དབུལ་ཐར་གྲུབ་འབྲས་ས་བརྟན་མཐོར་འདེགས་གཏོང་བའི་གནས་ཚུལ་སོགས་ལ་བལྟས་པར་མ་ཟད། དབུལ་ཐར་རྫོང་ཕྱིར་དབུལ་ཕོངས་སུ་མི་འགྱུར་བར་བྱེད་པར་ལྟ་ཞིབ་ཚད་ལེན་བྱས་པའི་གནས་ཚུལ་དང་སྲིད་འཛིན་སྡེ་བའི་གྲངས་འབོར ། ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་སྟངས། རྫོང་རིམ་པའི་ནོར་ཤུགས་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་བལྟས་པ་བརྒྱུད་དེ། བགོ་འགྲེམ་མཇུག་འབྲས་ཚད་ཆེ་བའི་སྟེང་ནས་འོས་འཚམ་ཡིན་པ་ལ་མ་དངུལ་འདི་དག་སྤྱོད་རྒྱུ་རེད།

ལོ་ཙཱ་བ། བན་དེ་སྐྱབས།