མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.01.26 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་མ་ཡིག་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་འཆར་ཟིན། ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། མི་དོན་བསྐོ་འཐེན་གྲོས་གཞི་ལ་གྲོས་སྡུར་བྱས། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་པའི་རེ་ཞུ་ལ་འཐད་པ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འགོད་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གནས་སྐབས་ཏང་ཙུའུ་ཡི་མིང་ཐོའི་འཆར་ཟིན་གྱི་སྙན་ཞུ་ལ་ཉན་པ་དང་། མིང་ཐོའི་འཆར་ཟིན་ལ་འཐད་པ་བྱུང་བ་མ་ཟད་འབྲེལ་ཡོད་སྡེ་ཁག་གིས་སྔ་མོ་ནས་གྲ་སྒྲིག་བྱས་ཏེ། ཚོགས་ཆེན་སྐབས་ཀྱི་ཏང་ཡོན་གྲོས་ཚོགས་སོགས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མིང་ཐོའི་འཆར་ཟིན་དང་དྲུང་ཡིག་ཆེན་མོ་གཞོན་པའི་མི་འདེམ་མིང་ཐོའི་འཆར་ཟིན་དང་ལས་བགོས། ཀྲུའུ་ཞི་སྟེགས་བུ་སྟེང་སྡོད་པའི་མི་སྣའི་མིང་ཐོའི་འཆར་ཟིན། འཐུས་མིའི་གྲོས་གཞི་འདོན་པའི་དུས་བཀག་གི་གཏན་ཁེལ་འཆར་ཟིན། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན། བརྡས་ཐག་གཅོད་པའི་གྲོས་གཞིའི་བྱེད་ཐབས་འཆར་ཟིན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་མིང་ཐོའི་འཆར་ཟིན་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྩ་དོན་སྟེང་གོང་གི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་མ་ཟད་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འགོད་རྒྱུའི་རེ་ཞུ་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།