མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་ནས་ཚོགས།
2021.01.28 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས། རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཝང་ཞོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ལིའུ་ཏ་ཡེ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་རེ་བདུན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྐོར་གྱི་གཏན་ཁེལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ཟི་ལིང་ནས་འཚོག་རྒྱུ་ཐག་བཅད་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་འཆར་ཟིན་དང་དུས་ཚོད། སྙན་ཞུ་མི་སྣའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་དང་ཏང་ཡོན་རྒྱུན་ཨུ་འཐུས་མིའི་ལས་འགན་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་འཆར་ཟིན་དང་གྲོས་འདོན་བྱ་བའི་སྙན་ཞུ་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་རེ་ཞུ་བཏོན། ཚང་མས་བཤད་རྒྱུར། 2020ལོར་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཡོངས་ལ་དམིགས་ནས་འགན་འཁྲི་ལག་བསྟར་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་པོད་གསུམ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་སོགས་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱས་ལ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་རྨང་གཞི་བརྟན་པོ་བཏིངས་པ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གི་ཇེ་བརྟན་དུ་བཏང་། གྲོས་མོལ་གཙོ་ལས་ལ་དོ་སྣང་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་དང་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་བརྗོད་དོན་གཙོ་བོར་དམིགས་ནས། རྟོག་ཞིབ་གྲོས་མོལ་ཟབ་མོ་བྱས་པ་དང་། བློ་འདོན་ཇུས་འབུལ་བྱས་ཏེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ། མཐུན་སྒྲིལ་མཉམ་འབྲེལ་ཇེ་དམ་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ནས་བརྗོད་དོན་འགན་སྒྲུབ་ལག་ལེན་བྱ་འགུལ་སྤེལ་བ་དང་། རིམས་ནད་འགོག་བཅོས་དང་ལས་ཐོན་སླར་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་བྱ་བ་གཙོ་བོར་དམིགས་ནས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་བསྒྲུབས། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཏང་འཛུགས་དམ་འཛིན་དང་དཔུང་སྡེ་ལ་སྣེ་ཁྲིད། སྤྱོད་ཚུལ་བསྒྱུར་ནས། དུས་རབས་གསར་བའི་ནང་སྲིད་གྲོས་བྱ་བ་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་ཐད་འགན་སྲུང་བརྟན་པོ་བཏིངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་སྲོག་ཤིང་གོ་དོན་དང་ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་དམ་དུ་དམིགས་པ། སྔ་མོ་ནས2021ལོའི་གྲོས་མོལ་སྲིད་གླེང་བྱ་བ་གཙོ་བོར་འཆར་འགོད་བྱས་ཏེ། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་རྩོམ་པའི་ཐད་བློ་རིག་སྟོབས་ཤུགས་འབུལ་དགོས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་བཟང་བོ་བསྒྲུབ་པའི་ཁྲོད་ཞུགས་པ་དང་། རང་འགུལ་གྱིས་གྲོས་མོལ་ཇུས་འབུལ་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དབྱང་ཁི་ཞང་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།