ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཉིས་སྟོང་ཉི་ཤུ་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།
2021.01.29 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་ཉིས་སྟོང་ཉི་ཤུ་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་ཚད་ཤིང་དུ་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་ནན་མོ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ། མི་དམངས་ལ་བརྩེ་བ་བཅངས་པ། འབད་འབུངས་ཧུར་བསྐྱེད་བྱེད་པ་བཅས་ལ་བརྟེན་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་རྟིང་ཐག་གཅོད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ལ་རྒྱལ་ཁ་རླབས་ཆེན་ཐོབ་པར་བརྩོན་ལེན་བྱེད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཐབ་ལམ་གསར་པ་བཏོད་པའི་ཁྲོད་ནས་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་པའི་བརྗོད་སྙིང་འབུར་ཐོན་ཡོང་བར་བྱས་པ་ལས་གཞན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཝུན་ཀོ་ཏུང་གི་གྱོད་གཞིར་བརྟེན་ནས་སྐྱོན་ཆ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བླང་བྱ་དོན་དང་ལྡན་པའི་སྒོ་ནས་དོན་འཁྱོལ་བྱེད་པར་ཟུང་འབྲེལ་བྱས་པ་དང་།  འགོ་ཁྲིད་ཚན་ཁག་དང་མི་སྒེར་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། གནས་པའི་གནད་དོན་ལ་རྩད་ཞིབ་མཐིལ་ཕྱིན་བྱས་པ་དང་། ཏང་གཤིས་དབྱེ་ཞིབ་གཏིང་ཟབ་ཏུ་སྤེལ་ལ། སྐྱོན་བརྗོད་དང་རང་སྐྱོན་ཐེར་འདོན་གྱི་སྦྱོར་བ་གཟབ་ནན་ངང་སྤེལ་ནས།  ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཤེས་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་སྤྱི་སྡོམ་གཏམ་བཤད་བྱས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བདུན་པ་ཚོགས་རར་ཞུགས་ནས་མཛུབ་སྟོན་དཔྱད་འཇོག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་མངགས་མི་སྣ་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་ཟུར་ཞུགས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་ཀྱི་སྔོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར། སེམས་གཏམ་གླེང་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་ཁྱབ་ཆེ་བའི་སྒོ་ནས་བསམ་འཆར་བསྡུ་ལེན་བྱས། རྒྱུན་ལས་ཨུ་ཡོན་ཚན་ཁག་དང་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་རྒྱུ་ཆ་ནན་ཏན་ངང་བྲིས་པ་དང་། ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་རྨང་གཞི་བརྟན་པོ་བཏིངས།

གྲོས་ཚོགས་ཀྱི་སྐབས་སུ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གིས་ཐུན་མོང་སློབ་སྦྱོང་གྲོས་སྡུར་ལས་སྒོ་སྤེལ་ཏེ། རྒྱུན་ལས་ཨུ་ཡོན་བློ་མཐུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན། ཀྲུང་དབྱང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་ནས། སློབ་སྦྱོང་ནན་མོ་བྱས་པ་དང་བསམ་གཞིགས་གནད་སྨིན་བཏང་བ་དང་། བསམ་འཆར་བརྗེ་རེས་དང་གྲོས་སྡུར་བྱེད་སྒོ་སྤེལ་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བར་བསམ་བློའི་རྨང་གཞི་བཏིངས།

གྲོས་ཚོགས་ལས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྐོར་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མུ་མཐུད་དུ་ཐེར་འདོན་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་གནས་ཚུལ་བཅས་བསྒྲགས་པ་ལས་གཞན། ད་དུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ལས་བཏོན་པའི་གནད་དོན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་རྡོ་སོལ་བསྔོགས་པའི་གནད་དོན་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཅས་ཀྱི་གནད་དོན་གྲལ་བཤེར་ལེགས་སྒྲིག་དངོས་འབེབས་བྱས་པའི་གནས་ཚུལ་བཅས་བསྒྲགས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཚབ་བྱས་ཏེ་ཞིབ་བསྡུར་སྐྱོན་བཤེར་བྱས་པར་མ་ཟད། ཀུན་གྱི་སྔུན་ལ་མི་སྒེར་གྱི་ངོས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་། རྒྱུན་ལས་ཨུ་ཡོན་བློ་མཐུན་རྣམས་ཀྱིས་རིམ་པ་ལྟར་ཞིབ་བསྡུར་སྐྱོན་བཤེར་བྱས་ཏེ་གཏམ་བཤད་དེ། རང་ཉིད་དམ་པོར་འབྲེལ་རྒྱུ་དང་འོས་འགན་དང་དམ་དུ་སྦྲེལ་རྒྱུ། ལས་དོན་ཟུང་དུ་སྦྲེལ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། ཞིབ་བསྡུར་གསུམ་དང་གནད་དོན་འབུར་ཐོན་གྲལ་བཤེར་བྱེད་པ་བཅས་ཀྱི་ཕྱོགས་ལྔའི་བླང་བྱ་ལྟར་དུ། ཝུན་ཀོ་ཏུང་གི་གྱོད་དོན་གྱིས་བསླབ་གཅུན་གྱི་ནུས་པ་ཐོན་པར་བྱེད་རྒྱུ་དང་རང་སྐྱོན་ཐེར་འདོན་གྱི་གསར་བརྗེའི་སྙིང་སྟོབས་དང་ཆབ་སྲིད་བརྩི་བའི་མཐོ་ཚད་ནས་བདེ་ཐང་གི་བསམ་བློའི་འཐབ་རྩོད་གང་ལེགས་སྤེལ་བ་བརྒྱུད། ལག་བསྟར་བྱེད་རུང་བའི་ལེགས་བཅོས་བྱེད་ཕྱོགས་བཏོན་པ་དང་འབད་བརྩོན་གྱི་ཁ་ཕྱོགས་བསྟན།

རྒྱུན་ལས་ཨུ་ཡོན་བློ་མཐུན་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། དམངས་གཙོ་འཚོ་བའི་ཚོགས་འདུ་བརྒྱུད་དེ་བསམ་བློ་དང་ངེས་ཤེས་བསྐྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སློབ་གསོ་དང་ཏང་གཤིས་བློ་སྦྱོང་གི་གོ་སྐབས་ཐེངས་ཤིག་ཐོབ་ནས། ལངས་ཕྱོགས་གསལ་བའི་སྒོ་ནས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་བར་མ་ཟད། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་། དེ་མིན་ད་དུང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་ཀྱང་ཇེ་དྲག་ཏུ་བཏང་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཆབ་སྲིད་སྐྱེ་ཁམས་བབ་གཙང་ཅན་དུ་བསྒྱུར་བའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་ཀྱང་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱེད་པའི་ནང་དོན་ཞིབ་ཕྲ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཕྱོགས་གཙོ་བོ་འགའ་བཅས་དངོས་འབེབས་བྱས་ཚད་ཇེ་དྲག་ཏུ་བཏང་། སྤྱོད་ངན་བཞི་དང་ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། ལག་ལེན་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་བར་མ་ཟད། དེ་དག་རྐང་འཛུགས་ས་གསར་པར་བརྩི་བ་དང་འགན་ཁུར་ཕོད་པ་དང་འབད་འབུངས་ལྷོད་མེད་ལ་བརྟེན་ནས། མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཐབ་ལམ་གསར་པ་བཏོད་པར་འགོ་ཡག་པོ་བརྩམས་པ་དང་གོམ་པ་བརྟན་པོ་སྤོས་ཟེར།

ཝང་ཅན་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན། ཆབ་སྲིད་ཚད་གཞི་ནི་ཚད་གཞི་དང་པོ་དང་ཆེས་མཐོའི་ཚད་གཞི་ཡིན་པས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དཔེ་སྟོན་ནུས་པ་ཁོང་དུ་ཆུད་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གསར་གཏོད་གཞུང་ལུགས་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཕྱོགས་བཅས་ཁོང་དུ་ཆུད་པའི་སྒོ་ནས་བཀོལ་ཐུབ་པར་བྱེད་པ། གཞུང་ལུགས་བློ་སྦྱོང་དང་ཆབ་སྲིད་བློ་སྦྱོང་། བསམ་བློའི་རྟོགས་པ། དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པར་གདམས་པའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཡིད་ལ་དམ་པོར་འཛིན་རྒྱུ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་མུ་མཐུད་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་བྱེད་ཀྱི་ཚན་རིག་ཕྱོགས་སྟོན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་གཏན་ཚིགས་དང་ལོ་རྒྱུས་གཏན་ཚིགས། ལག་ལེན་གཏན་ཚིགས་བཅས་ལ་གོ་བ་མ་ནོར་བ་ལེན་རྒྱུ་དང་། རླབས་ཆེ་བའི་བསམ་བློར་བརྟེན་ནས་དད་མོས་ཀྱི་རྨང་འདིང་བ་དང་བསམ་བློའི་ཞན་ཆ་གསབ་པ། བསམ་བློའི་ཁ་ཕྱོགས་འཚོལ་བ་བཅས་བྱས་ཏེ། རླབས་ཆེན་གཞུང་ལུགས་ཀྱིས་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་དེང་རབས་ཅན་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་སད་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མཐོར་འདེགས་གཏོང་བའི་མིག་དཔེ་དང་། རྒྱལ་ཁབ་ཀྱི་ཆེ་ཕྱོགས་ཐད་ནས་གདེང་ཚོད་ཡོད་པའི་མིག་དཔེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་དངོས་འབེབས་བྱེད་པའི་མིག་དཔེ། འོས་འགན་དམ་སྲུང་བྱེད་པའི་མིག་དཔེ། སྤྱོད་གཙང་གིས་སྲིད་སྐྱོང་བ་དང་དབང་བཀོལ་བ། ལས་ལ་འཇུག་པ། ཁྱིམ་སྐྱོང་བ་བཅས་ཀྱི་མིག་དཔེ་བཅས་བྱེད་དགོས་ཟེར། 

ལོ་ཙཱ་བ། བན་དེ་སྐྱབས།