ཟླ་དང་པོའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་བཞི་ཡོད་པ་དང་། མི་རེ་གསུམ་གྲོས་ཚོགས་ལ་དངོས་སུ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་དང་པོའི་གྲོས་རིམ་བསྡོམས་པས་དྲུག་ཡོད་དེ།
གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམ་པ།
གཉིས། གྲོས་ཚོགས་ཀྱི་ཉིན་རིམ་གཏན་ཁེལ་བྱེད་པ།
གསུམ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམ་པ།
བཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གཏན་ཁེལ་བྱེད་པ།
ལྔ། བརྡས་གཅོད་གྲོས་གཞིའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
དྲུག འཐུས་མིའི་གྲོས་གཞི་འདོན་པའི་དུས་བཅད་གཏན་ཁེལ་བྱེད་པ་བཅས་ཡིན།
ཚོགས་ཐོག་ནས་རིམ་པ་བཞིན་བདམས་ཐོན་བྱུང་བ་དང་གཏན་ཁེལ་བྱས་པ་མ་ཟད། གོང་གསལ་གྱི་གྲོས་རིམ་དྲུག་ལ་གྲོས་འཆམ་བྱུང་།
ཝང་ཅན་ཅུན་དང་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རུ་བདམས།
ལོ་ཙཱ་བ། རིན་ཆེན་མཚོ།