མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.01.31 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཚོགས་འདུར་ཞུགས་རུང་བའི་འཐུས་མི་སུམ་བརྒྱ་གྱ་གཅིག་ཡོད་ཅིང་དངོས་སུ་འབྱོར་བའི་འཐུས་མི་སུམ་བརྒྱ་དོན་གཉིས་ཡོད་པས་བཅའ་ཁྲིམས་ཀྱིས་གཏན་འཁེལ་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཝེ་ཡིས་ཚོགས་འདུར་འགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་དབྱིན་པེ་དང་ཁྲིན་རོས་ཧྥུན། མཱ་ཝེ། ཀྲང་ཝུན་ཁོས། ཧོང་ཁྲའོ་ཧོས། ཝུའུ་ཏི་ཅུན། ཝུའུ་ཡུས་ཀྲང་། ཝང་ཀྲིན་ཁྲང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། རྡོ་རྗེ་རབ་བརྟན། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ལིག་ཀི་ཕིང་། ཝང་ལིས་མེན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བསྡད་ཡོད།

གྲོས་ཚོགས་ལས་སྔ་གཞུག་བྱས་ཏེ་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚབ་མ་ཀྲང་ཙི་ཅུན་གྱིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མིན་ཡུང་ཧྲན་གྱིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་རིམ་པར་ཉན།

ཀྲང་ཀོང་རུང་གིས་སྙན་ཞུའི་ནང་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ཞིབ་ཚགས་འོག་ཏུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བསྡུས་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ཏེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་རྣམས་ཟུར་ཞུགས་བྱས།

ལོ་ཙཱ་བ། བན་དེ་སྐྱབས།