ཝང་ཅན་ཅུན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས།
2021.02.01 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་མཚོ་ཤར་འཐུས་ཚབ་ཚོགས་པའི་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་གསལ་བོར་ཤེས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་མཚོ་ཤར་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཞིབ་བྱེད་སྐབས། ཉེའོ་ཁྲིན་ཡུན་དང་ཝང་ལིན་ཧུའུ། ཧོང་གོ་ཅུན། དབྱང་ཧེ་ལིན། ཧན་ཞིན་པེན། ཀྲིག་ཅན་པང་། ཀྲའོ་ཁྲང་ཧུང་སོགས་འཐུས་མིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན། བཟོ་ལས་ཁུལ་གྱི་ཐོན་ལས། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་གྱི་ཚོགས། རྫོང་ཁོངས་དཔལ་འབྱོར། སྡེ་བ་རིམ་པའི་སྐབས་བརྗེ། ཞང་སྡེ་དར་སྤེལ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར། སྐྱེ་ཁམས་དཔལ་ཡོན་སོགས་ལ་དམིགས་ཏེ་གཏམ་བཤད། ཝང་ཅན་ཅུན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་ཞོར་དུ་ཟིན་བྲིས་བཀོད་པ་དང་། དུས་ངེས་མེད་དུ་བསམ་བློ་བརྗེ་རེས་བྱས།

ཝང་ཅན་ཅུན་གྱིས་འདས་པའི་ལོ་གཅིག་གི་ནང་ལ་མཚོ་ཤར་གྲོང་ཁྱེར་གྱིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁོར་སྲུང་། གཞི་རིམ་བཅོས་སྐྱོང་སོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་ད་ལྟ་ལག་བསྟར་བྱེད་པའི་སྲིད་ཇུས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། རང་སྟེང་གི་ཁྱབ་སྟོབས་འདོན་སྤེལ་བྱེད་དགོས་ལ། སྒྲུབ་ཐུབ་པའི་དོན་དག་ལ་བསམ་བློ་ཡང་དག་གཏོང་བ་དང་། ཐག་གཅོད་བྱེད་ཐབས་འཚོལ་དགོས་པར་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་མཚོ་ཤར་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་བཟང་བོ་ཞིག་འཛུགས་པར་འགན་སྲུང་བྱེད་དགོས་ཟེར།

                                                                                                            ལོ་ཙཱ་བ། བཀྲ་ཤིས་འབུམ།