རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚན་རིག་ལག་རྩལ་དང་ཞིང་ལས་ལས་རིགས་ཀྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།
2021.02.01 ཁུངས། ཀློག་གྲངས། 30

ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚན་རིག་ལག་རྩལ་དང་ཞིང་ལས་ལས་རིགས་ཀྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།

ཚང་མའི་གཏམ་བཤད་ལ་ཉན་རྗེས་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གི་རེ་བ་གལ་ཆེན་གཞིར་བཟུང་ནས་མངོན་མཚོན་གང་ལེགས་བྱས་ཡོད་པས། དོན་དངོས་དང་མཐུན་ལ་མི་སེམས་འགུལ་བ་ཞིག་རེད། འདས་ཟིན་པའི་ལོ་ལྔའི་རིང་ལ་ང་ཚོས་སྤོབས་སེམས་ཆེན་པོས་མདུན་སྐྱོད་གསར་བ་དང་འཕེལ་རྒྱས་གསར་བ། གྲུབ་འབྲས་གསར་བ་མང་པོ་བླངས་ཡོད། གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། གཉིས་ནས་སྐྱེ་ཁམས་ཁོར་ཡུག་ལ་ནུས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོབ་ཐོབ་ཡོད། གསུམ་ནས་དམངས་ཚིས་ལས་དོན་ལ་ནུས་ཡོད་སྒོས་འགན་སྲུང་བྱས་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་དམིགས་འབེན་འོས་འགན་བཀོད་སྒྲིག་བྱས་ཡོད་པ་དང་། བསམ་ཕྱོགས་གསལ་ཞིང་གཙོ་གནད་འབུར་ཐོན་ཡིན་ལ། འོས་འགན་ཞིབ་ཕྲ་ཡིན་ཞིང་བྱེད་ཐབས་ནུས་ལྡན་ཡིན། གཅིག འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་། འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་སོ་སོ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་རེ་བ་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་ཡོངས་སུ་མཐུན་པས། བརྟན་ཐོག་ཡར་འཕེལ་རྒྱས་བྱ་བའི་སྤྱིའི་དགོངས་གཞི་མངོན་མཚོན་བྱས་ཡོད། གཉིས། སྙན་ཞུ་ལས་གསལ་སྟོན་བྱས་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ད་ལོའི་བྱ་བ་གཙོ་བོའི་འོས་འགན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་མཚོན་པར་བྱས་ཡོད། གསུམ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་འགན་སྲུང་བྱེད་ཐབས་སྣ་ཚོགས་ནུས་ལྡན་ཡིན་པས། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་དགོས་མཁོ་མཚོན་པར་བྱས་ཡོད་པས་ང་རང་ཡོངས་སུ་འཐད་པ་ཡིན་ཟེར།

ལོ་ཙཱ་བ། དཔའ་བརྟན་རྒྱལ།