ཀྲང་ཀོང་རོང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2021.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཀྲང་ཀོང་རོང་གིས་བཤད་རྒྱུར། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དེས་སྔར་སྲོལ་རྒྱུན་མཐུད་དང་མ་འོངས་གསར་གཏོད་བྱས་ཤིང་། གོང་འོག་སྦྲེལ་མཐུད་གང་ལེགས་བྱས་ཡོད་པས། དར་ཆ་མཐོན་པོར་སྒྲེང་ཞིང་དོན་དངོས་དང་མཐུན་ལ། སེམས་ཤུགས་ཡར་སྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་རེད་ཟེར།

ཀྲང་ཀོང་རོང་གིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གཞུང་གིས་འགན་འཁྲི་ལྗིད་མོ་དང་ལེན་བྱས་པ་དང་དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱས་ཏེ། རིམས་ནད་འགོག་བཅོས་དང་ལས་ཐོན་སླར་གསོའི་ཐད་ནས་རྒྱལ་ཡོངས་ལ་མཚོ་སྔོན་གྱི་བྱས་རྗེས་ཆེན་པོ་བཞག་པ་དང་། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་གསུམ་ལས་བརྒལ་ཞིང་མཚོ་སྔོན་གྱི་འཕེལ་རྒྱས་དེ་མགོ་ཚུགས་ས་གསར་བར་གནས་ཡོད། སྲིད་གཞུང་བྱ་བར་ཕྱིར་དྲན་བྱས་ན། གཅིག ཆབ་སྲིད་ཀྱི་གཅིག་གྱུར་འཆར་འགོད་གང་ལེགས་སྒོས་མཚོན་ཡོད། གཉིས། དངོས་ཐོག་བདུན་འཚོལ་གང་ལེགས་སྒོས་མཚོན་ཡོད། གསུམ། རྩོད་སྒྲུབ་བསམ་ཕྱོགས་གང་ལེགས་སྒོས་མཚོན་ཡོད། བཞི། བཅོས་སྒྱུར་གསར་སྐྲུན་གང་ལེགས་སྒོས་མཚོན་ཡོད། ལྔ། དམངས་ལ་བརྩེ་སེམས་བཅངས་ཤིང་ནོར་སྲིད་ལ་བརྟེན་ནས་དམངས་ཚིས་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གཞུང་གིས་མི་དམངས་ཁོ་ན་བསམ་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་གང་ལེགས་སྒོས་མཚོན་ཡོད། དྲུག ཁྲིམས་ལྟར་གཟབ་ནན་སྒོས་དག་གཙང་སྲིད་གཞུང་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་གང་ལེགས་སྒོས་མཚོན་ཡོད་ཟེར།

                                                                                    ལོ་ཙཱ་བ། བཀྲ་ཤིས་འབུམ།