ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོར་དམངས་ཆེན་འཐུས་མིའི་ཚན་ཆུང་གི་གྲོས་ཞིབ་ལ་ཞུགས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞོ། དབྱིན་པའེ། ཁྲིན་རུའེ་ཧྥིན། ལིའུ་ཀི་ཕིང་བཅས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚན་ཆུང་སོ་སོའི་གྲོས་ཞིབ་ལ་ཞུགས་ཏེ། སྙན་ཞུ་སྣ་ཚོགས་ལ་དམིགས་ནས་འཐུས་མི་ཚོ་དང་གྲོས་སྡུར་བྱས།

ཚང་མས་མཐའ་གཅིག་ཏུ། སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བཅས་ཀྱིས་ཁྱབ་ཡོད་ལ། 2020ལོ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་གྱི་བྱ་བ་ཇི་མ་ཇི་བཞིན་དུ་མངོན་པར་བྱས་ཡོད། སྙན་ཞུས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་པར་རིས་བྲིས་ཡོད་པ་དང་། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ད་ལོའི་སྲིད་གཞུང་བྱ་བའི་གཙོ་གནད་ཆེན་པོ་བརྒྱད་འབུར་དུ་ཐོན་པར་བྱས་ཡོད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན་ལ། མང་ཚོགས་ཀྱི་རེ་སྒུག་ལ་ལན་གསལ་པོ་བཏབ་ཡོད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་ཁག་ཁུར་འདུ་ཤེས་བརྟན་ལ། ལས་གཉེར་གྱི་སྤྲོ་སེམས་ལྡན་པ་དང་བྱ་བ་གསར་གཏོད་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན། སྙན་ཞུ་ཡིས་དུས་རིམ་གསར་བར་རྐང་འཛུགས་པ་དང་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། རྣམ་པ་གསར་བ་བསྐྲུན་པར་དམིགས་ནས་གཅིག་གྱུར་འཆར་འགོད་བྱེད་པ་འབུར་དུ་ཐོན་པར་བྱས་ཡོད་པ་དང་། མཚོ་སྔོན་གྱི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དང་ལག་ལེན་མངོན་པར་བྱས་ཡོད་ལ། མི་དམངས་བསམ་པའི་བརྩེ་སེམས་དང་འགན་འཁྲི་ཁག་ཁུར་མངོན་ཡོད་པ་དང་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པ་འབུར་དུ་ཐོན་པར་བྱས་ཡོད་པ་དང་། ཆེས་ཆེ་བ་གསུམ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས། དཔལ་འབྱོར་རྣམ་པ་བཞི། དཔེ་སྟོན་ཞིང་ཆེན་ལྔ་སོགས་ལ་ཟུང་འབྲེལ་བྱས་ནས་འཆར་འགོད་བཀོད་སྒྲིག་བྱས་ཡོད་ལ། བསམ་ཕྱོགས་སྔར་ལས་གསལ་བ་དང་ཁ་ཕྱོགས་སྔར་ལས་བརྟན་པ་དང་། ལམ་ཐིག་པར་རིས་དང་ཁ་ཕྱོགས་མཚོན་རྟགས་སྔར་ལས་གནད་ལ་འཁེལ་བས། བརྩོན་སེམས་ཆེ་རུ་བསྐྱེད་ཐུབ་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།