ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ2པའི་ཚེས1ཉིན་གྱི་ཕྱི་དྲོར།  ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཝང་ཅན་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིན་ཁྲང་ཞིང་ཚོགས་འདུར་ཟུར་ཞུགས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རོང་དང་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་གྲོས་གཞི་ཞིབ་བཤེར་ཚན་ཆུང་གི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་ཉན་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད། འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པར་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད། འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་བཏོན་ནས་གྲོས་སྡུར་བྱས་ལ།  ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཚོགས་ཆེན་གྱི་འབྲེལ་ཡོད་ཉིན་རིམ་བསྒྱུར་བའི་སྐོར་གྱི་སྙན་ཞུར་ཉན།

                                                                                                           ལོ་ཙཱ་བ།ཤ་བོ་གསེར་མཚོ།