མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དག་སོ་སོར་སྲིད་གྲོས་ཀྱི་ཚན་ཆུང་གྲོས་སྡུར་ལ་ཞུགས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞོ། དབྱིན་པའེ། ཁྲིན་རུའེ་ཧྥིན་བཅས་སོ་སོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚན་ཆུང་གྲོས་སྡུར་ལ་ཞུགས་ཏེ། སྙན་ཞུ་སྣ་ཚོགས་ལ་དམིགས་ནས། ཨུ་ཡོན་རྣམས་དང་མཉམ་དུ་གྲོས་སྡུར་བྱས།

ཚང་མས་མཐའ་གཅིག་ཏུ། སྲིད་གཞུང་གི་བྱ་བའི་སྙན་ཞུ་ཡིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་པ་དང་། མཐོ་ཚད་ཡོད་པ་དང་གཏིང་ཚད་ཡོད་པ། ཤུགས་ཡོད་ལ། བསམ་བློ་གསར་བས་ཁྱབ་པར་བྱས་ཡོད་པ་དང་། པར་རིས་གསར་བ་བྲིས་ཡོད་པ་དང་བཀོད་སྒྲིག་གསར་བ་བྱས་ཡོད། སྙན་ཞུས་ཀྲུང་དབྱང་གི་བླང་བྱ་མངོན་པར་བྱས་ཡོད་པ་དང་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཡོད་ལ། མཚོ་སྔོན་གྱི་ཁྱད་ཆོས་ལ་རྐང་བཙུགས་པ་དང་མང་ཚོགས་ཀྱི་རེ་སྒུག་ལ་ཕྱིར་ལན་འདེབས་པ། ལག་ལེན་ཉམས་མྱོང་གི་ཉམས་སད་ཐེག་པ། དེ་ནི་བདེན་འཚོལ་དངོས་གཉེར་དང་མི་ལ་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་བོ་ཞིག་དང་། སྲིད་བརྩོན་དམངས་ཕན་གྱི་གྲུབ་འབྲས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་ཁྱོན་ཡོངས་ནས་འབྱེད་པའི་བསྒྲགས་གཏམ་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་གཉེར་གྱི་བརྩོན་སེམས་དང་དམངས་བསམ་པའི་བརྩེ་སེམས། སྲིད་འཛིན་པའི་ཁག་ཁུར་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤོབས་པ་དང་ཆོད་སེམས་མངོན་པར་བྱས་ཡོད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཕྱི་ངོས་དང་ཁྱོན་ཡོངས་ནས་འདས་པའི་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བྱ་བའི་སྤྱི་ཡོངས་ལ་དམ་དུ་དམིགས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པས། བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་དང་སྣང་བརྙན་གསར་བར་སྤྱི་སྡོམ་བྱས། 2021ལོའི་སྲིད་གྲོས་བྱ་བའི་བཀོད་སྒྲིག་ཐད་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་བསྐྲུན་པ།  ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམ་དུ་དམིགས་ཡོད་ལ། དམིགས་འབེན་གསལ་ཞིང་བྱེད་ཤུགས་ལྡན་ཡིན་པ་དང་། དེ་ནི་ཆབ་སྲིད་ཀྱི་ཁག་ཁུར་དང་ལོ་རྒྱུས་ཀྱི་ཁག་ཁུར། འགན་འཁྲིའི་ཁག་ཁུར་མངོན་པར་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་ཟེར།

ཚང་མས། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས2020ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་ཞིང་ཆེན་གོང་འོག་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱི་འབད་འཐབ་བརྒྱུད་རིམ་ལ་ཕྱིར་ལྟ་བྱས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་དམིགས་འབེན་ལ་རྒྱང་བལྟ་བྱས་ཡོད། འདས་པའི་ལོ་གཅིག་ནང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་བའི་ཆེས་སྤྱིར་བཏང་མིན་པའི་ལོ་ཡིན་ལ། མཚོ་སྔོན་གྱིས་སྔ་ན་མེད་པའི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་།  ལྷག་པར་དུ་ལས་ཐོན་སླར་གསོ་དང་སློབ་འགོ་ཚུགས་པ་སོགས་བྱ་བ་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་རུ་གྱུར་ཡོད་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེར་སྐྱེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་ལོར་ཁ་ཕྱོགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ཁྲོད་ཁྱབ་པར་བྱེད་པ་དང་བྱ་བའི་ལག་ལེན་ཁྲོད་མངོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་གཙོ་འཛིན་ལ་དགའ་ཞེན་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།