ཞིན་ཁྲང་ཞིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རང་སྟེང་གི་ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་གནད་འགག་དང་ཤུགས་འདོན་ས་ཡང་དག་པར་འཚོལ་བ། སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པ། ཉེན་ཁའི་ཁྲོད་གོ་སྐབས་སྐྱེད་སྲིང་བྱེད་པ་དང་འགྱུར་ལྡོག་ཁྲོད་འགོ་བཟང་བོ་བརྩམས་ཏེ།  སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ། ཝང་ཀུའེ་ཡོན་དང་ལིས་ཧྥང་རུའེ། ཝང་ཧྭ། ལིས་ཝེ། ལིས་དབྱི། ལ་ཧའེ་ཆིན་སོགས་ཨུ་ཡོན་གྱིས་བཟོ་ལས་དཔལ་འབྱོར་དང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། ཤེས་ལྡན་མི་སྣའི་དཔུང་སྡེ། ལྗང་མདོག་འཕེལ་རྒྱས། འཐེན་ཐུག་དཔལ་འབྱོར། རྨ་ཆུའི་རིག་གནས་སོགས་ལ་དམིགས་ནས་གཏམ་བཤད། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཨུ་ཡོན་སོ་སོས་རང་ཉིད་ཀྱི་ཆེད་ལས་ལ་རྐང་བཙུགས་ནས། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་སྲིད་གཞུང་བྱ་བའི་ཐད་ནས་བསམ་འཆར་མང་པོ་བཏོན་པ་དང་། རྒྱུས་ལོན་གནད་ལ་འཁེལ་བ་བྱས་པ་དང་ལྟ་ཚུལ་མངོན་གསལ་ཡིན་ཞིང་སྐུལ་ལྕག་ཐེབས་ཐུབ་པས། ང་ཚོས་ཞིབ་འཇུག་ནན་མོ་དང་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་ནི་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་ལ། རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་སྣ་ཚོགས་ལ་མཚོན་ན་ལས་སླ་མོ་ཞིག་མིན། ལག་ལེན་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འགན་སྲུང་མངོན་གསལ་ཡོད་ལ། ཞིང་ཆེན་གོང་འོག་ཡོངས་ཀྱི་ཐུན་མོང་གི་འབད་འཐབ་ཡོད་པས། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་མངོན་གསལ་བླངས་པ་ར་སྤྲོད་བྱས་ཡོད། མིག་སྔར། མཚོ་སྔོན་ལ་དཀའ་ཁག་ཡོད་པ་དང་། དཀའ་ཁག་ཐག་གཅོད་པའི་གོ་སྐབས་ཀྱང་ཡོད་ལ། བཀོད་སྒྲིག་བྱེད་པའི་དུས་སྐབས་དེ་ལས་ཀྱང་ཡིན་པས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ཁྲོད་འདྲེས་པར་བྱེད་པ། བརྩོན་སེམས་ཆེར་བསྐྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ། ཕན་འབྲས་བརྩོན་ལེན་བྱེད་པ། དཀའ་ངལ་ཐག་གཅོད་པ་དང་བཀོད་སྒྲིག་བྱེད་པའི་སྟེང་ཤུགས་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བ་ཁྱོན་ཡོངས་ནས་འབྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ། ཕྱོགས་བསྡུས་སྒོས་ནོར་སྲིད་དང་དངུལ་རྩ། སྤྱི་ཚོགས་འགན་སྲུང་། ལས་ཞུགས། རྒྱུ་རྐྱེན་འགན་སྲུང་སོགས་སྲིད་ཇུས་ཡོ་བྱད་བཀོལ་སྤྱོད་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་དངུལ་བསྲེས་འགན་ལེན་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཚན་རྩལ་གསར་གཏོད་གཙོར་བཟུང་ནས་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། མི་དམངས་བདེ་ཐང་སོགས་ཁྱབ་ཁོངས་ལ་དམིགས་ནས། ཚན་རྩལ་ཆེད་དོན་གལ་ཆེན་ལག་བསྟར་བྱེད་པ། སྲོལ་རྒྱུན་ཐོན་ལས་ཀྱི་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཆེར་བསྐྱེད་པ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར། རིག་གནས་དང་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་སྟེ། ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་སོགས་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་བྱེད་དགོས། དངུལ་གཏོང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ལས་གཞི་གཙོ་བོ་སྐོར་ཞིག་འཛུགས་སྐྲུན་བྱེད་པ་དང་འཆར་འགོད་ཉར་གསོག་བྱེད་པ། དམངས་ཁྲོད་མ་རྩ་ཁྱབ་ཁོངས་གཙོ་བོའི་ལས་གཞིའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས། ཚོང་རས་གཙོ་ཁྲིད་བྱས་པའི་དངུལ་གཏོང་ནང་སྐྱེས་འཕར་སྣོན་རྐྱེན་སྲོལ་གྲུབ་པར་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཁེ་ལས་ཀྱི་འཕེལ་རྒྱས་དཔལ་འབྱོར་རྣམ་པ་བཞིའི་ཁྲོད་འདྲེས་པར་བྱེད་པ། རང་ཉིད་སྟོབས་ལྡན་དུ་བསྒྱུར་བའི་ཞོར་དུ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ནུས་འདོན་སྤྲོད་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་རིགས་མི་འདྲ་བའི་ཚོང་རའི་གཙོ་གཞིའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།