ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།
2021.02.03 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།


ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། པད་མ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། དབྱིན་པའེ། ཁྲིན་རོས་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མེང་སོགས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་ལྔ་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་ང་གཉིས་ཚོགས་འདུ་གྲོལ་བའི་ཚོགས་ཆེན་ལ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

རྡོ་རྗེ་རབ་བརྟན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཆེན་སྟེང་རིམ་པ་བཞིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་བ་འབྱེད་པའི་སྐབས་སུ་བསྡུས་པའི་གཟབ་རྒྱས་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚོགས་འདུ་མགོ་རྩོམ་པ་དང་མཇུག་བསྡུ་བའི་ཚོགས་ཆེན་ལ་ཞུགས་པ་དང་། ཨུ་ཡོན་རྣམས་དང་མཉམ་དུ་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཇུས་ཆེན་ལ་གྲོས་སྡུར་བྱས། ཚོགས་འདུར་ཞུགས་པའི་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་ཡར་བརྩོན་གྱི་སྙིང་སྟོབས་ཆེན་པོ་བཅངས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞིའི་རྩ་གནད་འཆར་ཟིན། ད་དུང་སྙན་ཞུ་གཞན་དག་བཅས་ལ་གྲོས་སྡུར་ཟབ་མོ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་ནན་མོ་བྱས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་གྱི་མགོ་བཟང་བོ་རྩོམ་པར་དམ་དུ་དམིགས་ཏེ་གྲོས་མོལ་ཇུས་འདོན་བྱས་ནས། རིན་ཐང་ལྡན་པ་དང་གནད་ལ་ཁེལ་ཞིང་ཤན་ཤུགས་ཆེ་བའི་བསམ་འཆར་དང་གྲོས་གཞི་མང་བོ་བཏོན་ནས། སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་ཁུར་བའི་བརྩེ་བ་མངོན་པར་མཚོན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་ཆེན་པོ་མངོན་པར་བསྟན་ཡོད་པས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་པོ། ཡིད་ཆེས་ཆེར་བསྐྱེད། འབད་འཐབ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞི་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འབྱེད་པའི་ལོ་དང་པོ་ཡང་ཡིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་བཅས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཇུས་གཞི་བཟང་བོ་བཀོད་ཡོད་ལ། ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གྲོས་ཞིབ་བྱས་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞིའི་རྩ་གནད་ཀྱིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་པ་དང་། ཞིང་ཆེན་གྱི་དོན་དངོས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ལས་འགན་དང་ཇུས་གཞི་ལ་སྔར་ལས་ཞིབ་འཇུག་དང་གཏན་ཁེལ་གསལ་བོ་བྱས་ནས། འཐབ་ལམ་གསར་བ་འབྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རུབ་འཛོམས་ཀྱི་དུང་བརྡ་བརྒྱབ་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་དགའ་བ་འཕེལ་ཞིང་སྤྲོ་བ་རྒྱས་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་རེ་བ་འདོན་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་དོན་འཁྱོལ་དང་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་སུ་ཕྲག་ཏུ་བླངས་ནས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་ཆེད་ཐུན་མོང་ལྟ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། གཅིག་ནས་བསམ་བློའི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པའི་ཁྲོད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་སྟོབས་བཟང་བོར་འདོན་པ་དང་། སྲིད་གྲོས་ཨུ་ཡོན་རྣམས་ལས་རིགས་སོ་སོའི་མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པར་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་འགྲེལ་ལེགས་པོ་རྒྱག་པ། ལས་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁུར་དང་དོ་སྣང་ལ་ལན་ནན་མོ་འདེབས་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བསམ་བློ་དང་སྦྱོར་བ་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་གྱི་སྒོ་ནས་གཏན་ཁེལ་བྱས་ཡོད་པའི་དམིགས་འབེན་གྱི་ཕྱོགས་སུ་འབད་འཐབ་ལྷོད་མེད་ཀྱིས་བསྐྱེད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་མགོ་རྩོམ་པར་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་གཅིག་སྡུད་བྱེད་དགོས། གཉིས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་གཏོང་བའི་ཁྲོད་དུ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ལ་དམ་དུ་དམིགས་པ་དང་། མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པ་དང་། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་གྱི་རྣམ་པ་བཞི་གསོ་སྐྱོང་བྱེད་པ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱེད་པ། དམངས་ཚིས་ལེགས་བཅོས་ལ་རམ་འདེགས་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། ལོ་གཅིག་གི་གྲོས་མོལ་འཆར་གཞི་དོན་འཁྱོལ་ནན་མོ་བྱེད་པ་དང་། བརྟག་དཔྱད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ། དམངས་གཙོའི་ལྟ་སྐུལ་ལ་མཐོང་ཆེན་བྱེད་པ། རང་འགུལ་གྱིས་གྲོས་མོལ་ཇུས་འདོན་བྱེད་པ་བཅས་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ་དང་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱེད་དགོས། གསུམ་ནས། འགན་སྒྲུབ་གསར་གཏོད་ལ་ཤུགས་སྣོན་པའི་ཁྲོད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལས་འགན་དང་འགན་སྒྲུབ་ཀྱི་གནད་ས། བྱ་བའི་བླང་བྱ་བཅས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ཀྱི་ངེས་གནས་འབུར་དུ་ཐོན་པར་བྱེད་པ་དང་། འགན་སྒྲུབ་གསར་གཏོད་དང་འཚོལ་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་དང་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ། སྲིད་གྲོས་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་ནུས་པ་བཅས་འདོན་པར་གཙིགས་འཛིན་བྱས་ཏེ། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཀྱི་སྤུས་འབྲས་མཐོར་འདེགས་སུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དོན་ཆེན་ཁྲོད་སྔར་ལས་བཟང་བོར་འདྲེས་པར་བྱེད་དགོས། བཞི་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཁྲོད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། བདེན་འཚོལ་དངོས་གཉེར་གྱི་བྱ་བའི་ཚད་གཞི་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བསྟུད་མར་ཡོ་བསྲང་བྱེད་པ་དང་། འགན་འཁྲི་སེམས་སུ་འཛིན་པ། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱེད་དགོས། ད་ལོའི་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་སྤུས་ཚད་དང་ལས་ཕྱོད། ཕན་འབྲས་བཅས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པར་མཐོང་ཆེན་བྱས་ནས། ཏན་ཏན་ཏིག་ཏིག་གི་འགན་སྒྲུབ་ཕན་འབྲས་ཀྱིས་འཐབ་ལམ་གསར་བར་ཧུར་ཐག་གིས་ཞབས་འདེགས་ཞུ་དགོས་ལ། ཁག་ཁུར་གསར་བ་དང་བྱས་འབྲས་གསར་བ་མཚོན་པར་བྱེད་དགོས་ཟེར།

ཀྲང་ཀོང་རོང་དང་མཱ་ཝེ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ཀྲང་ཙིག་ཅུན། མིན་ཡུང་ཧྲན། མཱ་ཀྲི་ཝེ། ལིས་ཙེ་ཡོན་སོགས་ཀྱང་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཝང་ཞའོ་ཡུང་དང་ཀྲང་ཧྲིག་ཁྲིན་གཉིས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

ཕྱུག་ལོས་བསྒྱུར།