ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2021.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ2པའི་ཚེས2ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས། ཚོགས་ཆེན་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་ལྔ་ཞུགས་དགོས་པ་དང་། ཚོགས་ཐོག་ཏུ་འབྱོར་བའི་ཨུ་ཡོན་སུམ་བརྒྱ་དང་ང་གཉིས་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཀྲང་ཝུན་ཁོས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཆེན་སྟེང་ཐོག་མར་ཝང་ཞའོ་ཡུང་དང་ཀྲང་ཧྲིག་ཁྲིན་གཉིས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་མི་འཁུར་བའི་དགོངས་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་འདེམ་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་ཞིང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོར་གྲོས་འཆམ་བྱུང་།

འདེམ་བསྐོའི་བྱ་བ་ནི་འདེམ་བསྐོའི་བྱེད་ཐབས་དང་གཏན་ཁེལ་གྱི་བརྒྱུད་རིམ་ལྟར་གཟབ་ནན་ངང་སྤེལ། ཐེངས་འདིའི་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ཀྱི་གཏན་ཁེལ་དང་འདེམ་ཤོག་བརྩིས་པའི་མཇུག་འབྲས་གཞིར་བཟུང་ནས། ཝང་ཀྲིན་ཁྲང་དང་ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན་བཅས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། ཝུའུ་ཅེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས།

ཕྱུག་ལོས་བསྒྱུར།