ཞིང་ཆེན་གྱི་དམངས་ཆེན་འཐུས་མིས་ཚན་ཆུང་བགོས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2021.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་གཉིས་པའི་ཚེས་གཉིས་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཐུས་མིས་ཚན་ཆུང་བགོས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་གྲོས་ཞིབ་བྱེད་སྐབས་གཏམ་བཤད་གང་ལེགས་དང་བསམ་ཚུལ་ལྷུག་འདོན་བྱས་ཏེ། མཉམ་དུ་འཕེལ་རྒྱས་ཇུས་ཆེན་ལ་གྲོས་མོལ་དང་མཛེས་པའི་མ་འོངས་པ་བསྐྲུན་པའི་ཐད་མཉམ་ཇུས་བཏོན།

འཐུས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་མཚོ་སྔོན་འཕེལ་རྒྱས་བཞུད་ལམ་སྟེང་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནས་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྒྲུབ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་རྦད་ཆོད་བྱས་ནས། ཁྲིམས་འཛུགས་དང་ལྟ་སྐུལ། གཏན་འབེབས། གོ་གནས་བསྐོ་འཐེན། འཐུས་མིའི་ལས་དོན་སོགས་ཕྱོགས་གང་ཅིའི་ཐད་ནུས་ཤུགས་བཏོན་ཏེ། ལས་རིམ་ཁག་སོ་སོའི་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་ལ། རིམས་ནད་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་རྒྱལ་ཁ་རྟིང་ཐག་ཆོད་པ་ལེན་པ་བཅས་ཀྱི་ཁྲོད་དུ་དམངས་ཆེན་གྱི་ཁག་འཁུར་དང་དམངས་ཆེན་གྱི་བྱེད་ཕྱོགས་མངོན་པར་མཚོན་ཡོད་ཟེར།

འཐུས་མི་རྣམས་ཀྱིས་བསྟན་དོན། སློབ་སྦྱོང་ཟབ་སྦྱོང་ལ་མཐོང་ཆེན་དང་གཞི་རིམ་དམངས་ཆེན་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། དམངས་ཆེན་ལས་དོན་དངོས་འབེབས་བྱེད་པའི་ལོ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་བྱེད་སྒོ་སྤེལ་ཏེ། བློ་གྲོས་ཀྱིས་ཕྱུག་པའི་དམངས་ཆེན་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། དམངས་ཆེན་བྱ་བའི་གཞི་རིམ་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།