ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2021.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་བཞི་ཡོད་པ་དང་ཁོངས་མི་རེ་གསུམ་ཚོགས་འདུར་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།

ཝུའུ་ཧའེ་ཁུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཚོགས་འདུར་གྲོས་རིམ་བདུན་ཡོད་དེ། གཅིག ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ། གཉིས། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གདམ་མིར་གྲོས་འཆམ་འབྱུང་བའི་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ། གསུམ། འཐུས་ཚབ་ཚོགས་པ་སོ་སོས་འདེམ་སྒུག་པ་དང་གདམ་མིའི་སྐོར་ནས་གྲོས་སྡུར་བྱས་པའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན་རྒྱུ། བཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པས་འགན་མི་འཁུར་བའི་དགོངས་ཞུ་དང་ལེན་བྱེད་པའི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ།

ལྔ། དངོས་གཞིའི་འདེམ་སྒུག་པ་དང་གདམ་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ལ་འདེམ་བསྐོ་བྱེད་པ་དང་གྲོས་འཆམ་འབྱུང་བར་སྤྲོད་རྒྱུ། དྲུག འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ་དང་འདེམ་ཤོག་སྤྱིའི་ལྟ་སྐུལ་བའི་མིང་བཏོན་ནས་ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ།

བདུན། གྲོས་ཆོད་འཆར་ཟིན་སྣ་ཚོགས་ལ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུ་བཅས་རེད།

ཚོགས་འདུའི་སྟེང་གོང་གི་གྲོས་རིམ་བདུན་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།

ཕྱུག་ལོས་བསྒྱུར།