མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྤྱི་སྡོམ་གཟེངས་བསྟོད་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་གྲོལ་རྗེས། སྤྱི་སྡོམ་གཟེངས་བསྟོད་གྲོས་ཚོགས་བསྡུས། གྲོས་ཚོགས་སྔོན་དུ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ལས་བྱེད་མི་སྣའི་འཐུས་མི་ལ་འཚམས་འདྲི་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་སྤྱི་སྡོམ་གཟེངས་བསྟོད་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཕུལ་བྱུང་ལས་བྱེད་མི་སྣར་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་ཁེལ་སྒྲོག་འདོན་བྱས།

ཏུའུ་ཅེ་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་བརྟན་པོ་དང་ཕྱོགས་སོ་སོའི་ཐུན་མོང་འབད་འཐབ་འོག བདེ་བླག་ངང་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་པར་མ་ཟད་ལེགས་འགྲུབ་བྱུང་། གྲོས་ཚོགས་ལ་གྲ་སྒྲིག་བྱེད་སྐབས། ཚོགས་ཆེན་གྱི་བྱ་བའི་ཚན་ཆུང་སོ་སོས་ནམ་ཡང་ཆབ་སྲིད་ཁག་ཁུར་མཐོན་པོ་དང་ནན་ཏན་གྱི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་པ་དང་། སྔ་མོ་ནས་འཆར་འགོད་དང་འགན་འཁྲི་གཏན་ཁེལ་བྱས་ལ། གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་སྤེལ་ནས། གྲོས་ཚོགས་བདེ་བླག་ངང་བསྡུས་པར་རྨང་གཞི་གལ་ཆེན་བཏིངས། ཚོགས་ཆེན་སྐབས་སུ། བྱ་བའི་ཚན་ཆུང་སོ་སོས་རང་འགུལ་གྱིས་འགན་ཁུར་བ་དང་མཉམ་ལས་བྱེད་པ། ཡག་ཐོག་རྒྱན་བརྩེགས་བྱེད་པ་བཅས་བྱས་ཏེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཚོགས་ཆེན་གྱི་རྩ་འཛུགས་སྣ་ཚོགས་དང་ཞབས་ཞུ་འགན་སྲུང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ཟེར།

ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་སྲིད་གྲོས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལས་འགན་གསར་བ་དང་བྱེད་ཐབས་གསར་བ། བླང་བྱ་གསར་བ་བཏོན་ནས། ང་ཚོས2021ལོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་། ལས་འགན་གཏན་ཁེལ་གསལ་བོ་བྱས། ཚང་མས་མུ་མཐུད་དུ་མདུན་སྐྱོད་ཀྱི་སྙིང་སྟོབས་དང་ཏན་ཏིག་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཁྲོད་གྲུབ་པའི་ཉམས་མྱོང་གསར་བ་དང་བྱེད་ཐབས་གསར་བ་སྤྱི་སྡོམ་བྱེད་པ་དང་དར་སྤེལ་གཏོང་བ། དེ་བྱ་བ་སྤེལ་བའི་ལག་ལེན་ཁྲོད་བཀོལ་ནས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སྲིད་གྲོས་བྱ་བའི་སྤུས་འདེགས་ནུས་སྤེལ་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།