མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་དྲུང་ཡིག་ཁྲུའུ་ཡིས་སྤྱི་སྡོམ་གྲོས་ཚོགས་བསྡུས།
2021.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས་པ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཀྲང་ཀོང་རོང་གིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ཚན་ཁག་སོ་སོ་དང་ལས་བཟོ་བ་ཡོངས་ཀྱིས་གྲོས་ཚོགས་བདེ་ལེགས་ངང་བསྡུས་པར་བློས་གཏོང་དང་འབད་འབུངས་བྱས་པར་ཁས་ལེན་བྱས། གཅིག་ནས་ངེས་པ་དོན་གྱིས་ཆབ་སྲིད་བརྩིས་ཏེ་གཙིགས་འཛིན་ཆེན་པོ་བྱས། ཚན་ཁག་སོ་སོའི་བསམ་བློ་གཅིག་གྱུར་དང་བྱ་བའི་ཐད་སེམས་ཤུགས་གཅིག་བསྡུས་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བསམ་བློའི་རང་རྟོགས་མཐོན་པོ། ལག་ལེན་གྱི་རང་རྟོགས་མཐོན་པོ་བཅས་ཅིག་ཅར་བསྟན། གཉིས་ནས་འོས་འགན་གཙང་སྒྲུབ་དང་ཞིབ་ཕྲའི་ལས་རིམ་དམ་འཛིན་བྱས། ཚན་ཁག་སོ་སོས་རང་རྟོགས་ངང་གནས་བབ་ཡང་དག་བཙལ་བ་དང་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། ལས་གནས་སོ་སོ་དང་མི་རེ་རེའི་སྟེང་ནས་ཁག་འཁུར་གྱི་འདུ་ཤེས་དངོས་འབེབས་བྱས། གསུམ་ནས་གོམ་སྟབས་གཅིག་གྱུར་དང་མཐུན་སྦྱོར་ལྷུག་བགྲོས་ཀྱི་རྣམ་པ་བཟང་བོ་མངོན། ཚན་ཁག་སོ་སོས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་རང་རྒྱུད་ལ་ཉར་ཏེ། རང་སོ་སོའི་འགན་ནུས་གཙང་སྒྲུབ་བྱས་ནས་མཉམ་ཤུགས་ཆེན་པོ་ཞིག་གྲུབ། བཞི་ནས་འགོག་སྲུང་དམ་དྲགས་བྱས་ཏེ་འཐུས་ཤོར་གཅིག་ཀྱང་མེད་པ་བྱས། ལྔ་ནས་བླང་བྱ་ནན་མོ་དང་ནན་ཏན་གྱི་ལངས་ཕྱོགས་བསྟན། ཚན་ཁག་སོ་སོས་རང་རྟོགས་སྒོས་གྲོས་ཚོགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ཚོགས་ཆེན་བབ་གཙང་དང་བདེ་ལེགས་ངང་བསྡུ་བར་འགན་ལེན་བྱས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།