ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ།
2021.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 119

ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།


ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་སྟེང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། སེམས་ཤུགས་གཅིག་མཐུན་དང་ཡར་བརྩོན་ལྷོད་མེད་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་སྔར་ལས་བཀྲག་མདངས་འཚེར་བའི་ལེའུ་རྩོམ་དགོས་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གྱ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་དོན་བཞི་ཚོགས་ཐོག་ཏུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཀྲང་ཀོང་རོང་གིས་ཚོགས་འདུ་གྲོལ་བའི་ཚོགས་ཆེན་ལ་མགོ་འཛིན་བྱས།

ཚོགས་འདུའི་སྟེང་བརྡས་ཐག་བཅད་དེ་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་གདམ་མིར་གྲོས་འཆམ་འབྱུང་ཐབས་ལ་གྲོས་འཆམ་བྱུང་ཞིང་། ཀའོ་ཧྭ་ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་བའི་དགོངས་ཞུ་དང་ལེན་བྱེད་པའི་ཐག་གཅོད་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་གདམ་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་ཞིང་། འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོར་གྲོས་འཆམ་བྱུང་།       གྲོས་ཚོགས་སྟེང་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་རྣམ་པ་སྤྱད་དེ་ཀྲང་ཧོང་ཡོན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བདམས་པ་དང་། ལིའུ་ཁྲའོ་དང་ཚེ་རིང་ཐར་གཉིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བདམས་ལ། ཀྲང་ཙིག་ཅུན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ་དང་། མཁས་པ་དང་རྡོ་རྗེ་ཆོས་འཛིན་གཉིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།

དེའི་རྗེས་སུ་ཚོགས་ཆེན་སྟེང་བཅའ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་གླུ་བླངས་རྗེས་བདམས་ཐོན་བྱུང་བའི་བློ་མཐུན་གྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡེབས་ནས་བདམས་ཐོན་བྱུང་བའི་བློ་མཐུན་ལ་རྟེན་འབྲེལ་ཞུས།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་སྔོན་རྩིས་ཀྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་འདུ་གྲོལ་བའི་ཚོགས་ཆེན་སྟེང་གཏམ་བཤད། ཁོས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཟབ་མོ་བྱས་ལ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་མྱུར་དུ་བསྐྲུན་ནས། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགུལ་སྐྱོད་རྩ་གནད་གཏན་འབེབས་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་བོ་བཀོད་པ་ལས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་དང་ཁྲི་བརྒྱད་ཆོད་སེམས་སྔར་ལས་བརྟན་པོ་དང་སྙིང་སྟོབས་སྔར་ལས་ཆེན་པོ། ཟུང་ཤུགས་སྔར་ལས་དྲག་པོ་བཅས་ཀྱི་སྒོ་ནས་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་པར་སྐུལ་མ་ཐེབས་ངེས་ཡིན་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རིམས་ནད་འགོག་སྡོམ་ཐད་འཐབ་ཇུས་ཀྱི་གྲབ་འབྲས་ཆེན་པོ་བླངས་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ཏེ། དུས་ལྟར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་གྱི་འཐུས་མི་ཡོངས་ཀྱིས་དེའི་ཐད་ལ་དཀའ་ལས་མྱངས་ཡོད་པ་དང་བྱས་རྗེས་བཞག་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པའི་དབུ་ཁྱུད་བཟང་བོར་འབྲི་བ་དང་། འཐབ་ལམ་གསར་པའི་གོམ་སྟབས་དང་པོ་གནད་དུ་འཁེལ་ཞིང་བརྟན་པོར་སྤོས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་པ་དང་། ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཏེ་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་དགོས་ན། དར་ཆ་མཐོ་རུ་སྒྲེང་དགོས་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོ་རུ་སྒྲེང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། འགན་ཤེས་ཁུར་ལེན་དང་དངོས་འཛིན་བདེན་སྒྲུབ་བྱེད་དགོས་ཏེ། ཁུར་པོ་ལྕི་མོ་ཁུར་ཏེ་རི་བོར་འཛེགས་པ་དང་ཆུ་བོའི་གྱེན་དུ་གྲུ་གཏོང་བ་ལྟ་བུའི་ངེས་ཤུགས་ལྡན་པར་བྱས་ཏེ། འགན་འཁྲི་སེམས་སུ་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ནས། ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་ནས་སྐྲག་སྣང་དང་ཕྱིར་བཤོལ་མེད་པར། འགན་འཁྲི་ལྕི་མོ་སྤོབས་པས་ཁུར་ཏེ་དངོས་འཛིན་བདེན་སྒྲུབ་བྱེད་པའི་ཁྲོད་དུ་གོ་སྐབས་གཙོ་བོ་བསྐྲུན་པ་དང་གནས་བབ་གསར་པ་འབྱེད་པའི་ཁག་ཁུར་དང་བྱས་རྗེས་མངོན་པར་བྱེད་དགོས། དམིགས་འབེན་འཆོར་མེད་དུ་འཛིན་པ་དང་དབུ་ཁྱུད་ལེགས་པོར་འབྲི་དགོས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་གསར་གཏོད་ཀྱིས་འཕེལ་རྒྱས་གཏོང་བ། དཀའ་སྤྱད་ཀྱིས་འབད་འཐབ་བྱེད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གྱིས་དམིགས་འབེན་འཆོར་བ་མེད་པར་དམ་དུ་འཛིན་པ་དང་ཕུ་ཐུང་ཡར་ལ་བརྫེ་ནས་འབད་པ་བྱས་ཏེ། ཏང་དང་མི་དམངས་ལ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དབུ་ཁྱུད་ལེགས་པོར་བྲིས་པའི་དྲིས་ལན་བཟང་བོ་སྤྲོད་དགོས། བློ་སེམས་གཅིག་སྒྲིལ་དང་དྲིན་ཚོར་ཡར་བརྩོན་བྱེད་དགོས་ཏེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བྱེད་པ་དང་། དྲིན་ཚོར་ཞིང་དྲིན་དྲན་པ། ཡར་བརྩོན་གྱི་འདུན་པ་བསྐྱེད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ངལ་རྩོལ་པ་དཔེ་ལེགས་ཀྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བྱས་ཏེ། མཐུན་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱས་ནས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་རྒྱུན་མ་ཆད་པར་བསྐྲུན་དགོས།དཀའ་སྤྱད་ཀྱིས་ཡོན་ཏན་དང་ནུས་པ་སྦྱོང་དགོས་ཏེ། ཏང་ལ་ནན་གྱིས་དོ་དམ་དང་བཅོས་སྐྱོང་བྱེད་པའི་ནུས་པ་སྦྱངས་ཏེ། དུས་གཏན་དུ་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་ཀྱི་ནུས་པ་སྦྱངས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། སྒོ་འབྱེད་ཚད་རྒྱ་བསྐྱེད་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ནུས་པ་སྦྱངས་ཏེ། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཡུན་རིང་བོར་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་འབུམ་སྡེའི་དམག་དཔུང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་ཆེན་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིང་དང་དབང་མོ་བཅས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

ཕྱུག་ལོས་བསྒྱུར།