མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་ཆེན་ཐེངས་གསུམ་པ་ཟི་ལིང་ནས་ཚོགས།
2021.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ་གཉིས་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་ཆེན་ཐེངས་གསུམ་པ་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་ཡིས་གྲོས་ཚོགས་ལ་མགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ས་ཁུལ་དང་སྡེ་ཁག་གི་ཏང་ཨུའི་འགན་ཁུར་མི་སྣ་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་དྲུག་གིས2020ལོའི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་ཡར་ཞུ་བྱས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་སོ་སོར་དཔྱད་འཇོག་བྱས།

ཐིན་ཅ་ཚའེ་ཡིས་ཡར་ཞུ་གནས་ཚུལ་ཐད་ནས་སྤྱི་སྡོམ་བྱས་པ་དང་། ཏང་ཨུས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྟ་སྐུལ་འགན་འཁྲི་རྒྱུན་མཐུད་ངང་ལག་བསྟར་བྱས། ཐིན་ཅ་ཚའེ་ཡིས་བསྟན་དོན། བྱ་བའི་ཡར་ཞུ་ནི་འགན་འཁྲི་དང་གནོན་ཤུགས་བརྒྱུད་སྒྲོག་བྱེད་པའི་བྱེད་ཐབས་ཡིན་པ་མ་ཟད། འགོ་ཁྲིད་དང་པོའི་ལྟ་སྐུལ་ལ་ཤུགས་སྣོན་པའི་ཕན་ཡོད་ནང་དོན་ཡིན་ལ། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཨུ་ལ་རོགས་བྱས་ནས་འོག་རིམ་ཏང་ཨུའི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བ་མངོན་པ་དང་། འོག་རིམ་ཏང་ཨུས་རང་འགུལ་གྱིས་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པའི་ཆབ་སྲིད་རང་སྟོགས་མངོན་པར་བྱས་ཡོད་ཟེར།

ཐིན་ཅ་ཚའེ་ཡིས་ནན་གྱིས་བསྟན་དོན། འགན་འཁྲི་གཉིས་སྦྲེལ་མཐུད་མཉམ་ལས་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་གྲུབ་པར་བྱེད་པ། ཏང་ཙུའུ་ཧྲུའུ་ཅི་ཡིས་འགན་སྒྲུབ་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་གནད་འགག་དུས་རིམ་དང་གནད་དོན་གལ་ཆེན་གྱི་འགོ་ཁྲིད་དང་ལྟ་སྐུལ་ལ་ཁག་ཐེག་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ལ་ཁག་ཁུར་གྱི་སྙིང་སྟོབས་ཡོད་དགོས་པ་དང་། རང་འགུལ་གྱིས་འབད་འཐབ་བྱེད་པ། ལྟ་སྐུལ་འགན་འཁྲི་ཡི་གནས་ཐིག་གཏན་ཁེལ་ལ་རྐང་འཛུགས་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཏང་ཨུ་ལ་རོགས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།