མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རིམ་པ་གཉིས་པའི་ས་འགུལ་གནོད་འཚེར་ཁ་གཏད་འཇལ་ཐབས་སྤྱད། 
2021.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 233

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་ཚད་རིམ་གཉིས་པའི་ས་འགུལ་གནོད་འཚེར་ཁ་གཏད་འཇལ་ཐབས་སྤྱད། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལས་ཅེ་ཞང་སོགས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས་བཀོད་འདོམས་བྱས་པ་དང་། ཞིང་ཆེན་ས་འགུལ་གནོད་སེལ་སྒུད་སྐྱོབ་བཀོད་འདོམས་པུའུ་ཡི་ཁོངས་ཞུགས་ལས་ཁུངས་སོ་སོ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས་གནོད་སེལ་རྒུད་སྐྱོབ་གྲོས་མོལ་བསྡུས། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་གནོད་ཐེབས་སུ་ཁུལ་དུ་མི་སྣ་མངགས་གཏོང་བྱས་པ་དང་། ཞིང་ཆེན་ཉེན་སེལ་སྤྱི་ཁྱབ་རུ་ཁག་གིས་རོགས་སྐྱོབ་རུ་ཁག་ཆེན་པོ་བཞི་དང་རུ་ཁག་ཆུང་བ་དྲུག ཉེན་སེལ་རླངས་འཁོར་བརྒྱ་དང་རེ་དགུ་དང་བཀོད་འཐབ་པ་མི་བདུན་བརྒྱ་དོན་ལྔ་གནོད་ཐེབས་ས་ཁུལ་དུ་སོང་། ཤེས་གསལ་ལྟར་ན། ཡུས་ཧྲུའུ་དང་གུང་ཧོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲང་མ་ཟམ་ཆེན་སོགས་ལ་བརྡིབས་སྐྱོན་བྱུང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་ལ་ད་ལྟ་མྱུར་བཅོས་བྱེད་བཞིན་ཡོད། ཡུས་ཧྲུའུ་དང་གུང་ཧོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གནས་སྐབས་སུ་བཀག་སྡོམ་བྱས་ཡོད། ཞིང་ཆེན་འགྲིམ་འགྲུལ་སྡེ་ཁག་བགྲོད་ལམ་ཁག་ཐེག་འཕྲལ་བསྟུན་གྲ་སྒྲིག་གྲོས་གཞི་ལག་བསྟར་བྱེད་འགོ་བརྩམས། གློག་གི་སྐུད་ལམ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ལ་ཆག་སྐྱོན་བྱུང་ཡོད་པ་དག་ཉམས་གསོ་བྱེད་བཞིན་ཡོད།

རིག་འཛིན་ཐར་གྱིས་བསྒྱུར།