ས་འགུལ་འཕྲལ་བསྟུན་ཆ་འཕྲིན་བསྟུད་འགོད།
2021.05.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 100

ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞིའི་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་། རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་། ཧི་ནན་རྫོང་བཅས་སུ་ཚད་རིམ4ཡས་མས་ཅན་གྱི་ས་འགུལ་བསྟུད་མར་ཐེངས19ཙམ་ལ་བྱུང་བ་རེད། ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་བར་ས་འགུལ་གྱི་ཤུགས་རྐྱེན་ཐེབས་ནས་འགྲིམ་འགྲུལ་ཐད་བཀག་སྡོམ་བྱས་པ་གཤམ་གསལ་ལྟར།

གཅིག  རྒྱལ་ལམ་ཐིག་དྲུག་གཅིག་གསུམ་གྱི་ཟི་ལིང་ནས་ཡུན་ནན་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་ཕྱོགས་གཉིས་སུ་བསྐྱོད་པའི་གཞུང་ལམ་བཀག་སྡོམ་བྱས།

གཉིས། ཞིང་ཆེན་གྱི་ལམ་གཉིས་གཅིག་དགུ་ཡི་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་ལམ་ཐིག་གི་སྤྱི་ལེ་བརྒྱད་ཅུ་གྱ་བདུན་གྱི་ཁར་སྨི་ཐིག་བརྒྱད་གཅིག་བསྣན་པའི་ཁྲ་མ་ཧོ་ཟམ་ཆེན་རྡིབ་པས། ད་ལྟ་སྤྱི་ལེ་གསུམ་གྱི་ཁར་སྨི་ལྔ་བརྒྱ་བསྣན་པའི་ལམ་ཐིག་དང་སྤྱི་ལེ་ཉེར་བརྒྱད་ཀྱི་ཁར་སྨི་ཉིས་བརྒྱ་བསྣ་པའི་ལམ་ཐིག་བཀག་སྡོམ་བྱས་པ་དང་ལམ་སྲིད་དང་གཞུང་ལམ་གསོ་སྐྱོང་། འགྲིམ་འགྲུལ་ཉེན་རྟོག་ལས་ཁུངས་བཅས་ཀྱིས་ད་ལྟ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞིའི་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་། རྨ་སྟོད་རྫོང་དང་། རྨ་ཆེན་རྫོང་། གཅིག་སྒྲིལ་རྫོང་བཅས་སུ་ཚད་རིམ་བཞི་ཡས་མས་ཅན་གྱི་ས་འགུལ་བསྟུད་མར་ཐེངས་བཅོ་ལྔ་ཙམ་བྱུང་། མིག་སྔའི་བར་དུ་ས་འགུལ་གྱིས་གནོད་སྐྱོན་ལས་གཞུང་ལམ་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་གཤམ་གསལ་ལྟར།

གཅིག རྒྱལ་ལམ0613གྱི་ཟི་ལིང་ནས་ཡུན་ནན་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་སྤྱི་ལེ་ལྔ་བརྒྱ་དང་གསུམ་གྱི་ཁར་སྨི་དྲུག་བརྒྱ་བསྣན་པའི་མཚམས་ཀྱི་རྐྱང་ཐང་གི་ཟམ་ཆེན་གཉིས་པ་བརྡིབས།

གཉིས།  ཞིང་ཆེན་གྱི་ལམ་གཉིས་གཅིག་བཞིའི་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་ལམ་ཐིག་གི་སྤྱི་ལེ་གྱ་བདུན་གྱི་ཁར་སྨི་ཐིག་བརྒྱད་གཅིག་བསྣན་པའི་མཚམས་ཀྱི་ཁྲ་མ་ཧོ་ཟམ་ཆེན་བརྡིབས།

གསུམ། རྒྱལ་ལམ་གཉིས་གཅིག་བཞིའི་ཟི་ལིང་ནས་ལན་ཚང་བར་གྱི་ལམ་ཐིག་གི་སྤྱི་ལེ་སུམ་བརྒྱ་དང་ཉེར་བདུན་གྱི་ཁར་སྨི་ཉིས་བརྒྱ་བསྣན་པའི་མཚམས་ཀྱི་འབྲོང་ལུང་གི་ལམ་ངོས་བརྡིབས་པ་ཚབས་ཆེ་ལ། སྤྱི་ལེ་བཞི་བརྒྱ་གོ་གཉིས་ཁར་སྨི་བརྒྱད་བརྒྱ་བསྣན་པའི་མཚམས་ཀྱི་ལམ་ངོས་བརྡིབས་པ་སོགས་ཀྱི་གནས་ཚུལ་སྐོར་ལ་ལམ་སྲིད་མི་སྣ་དང་གཞུང་ལམ་གསོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱེད་བཞིན་ཡོད། ས་འགུལ་ཤུགས་རྐྱེན་གྱིས་རྒྱལ་ལམ་གཉིས་གཅིག་བཞིའི་ལམ་ཐིག་གི་སྤྱི་ལེ་ལྔ་བརྒྱ་དང་བཅུ་བདུན་གྱི་ཁར་སྨི་ལྔ་བརྒྱ་ལྔ་བཅུ་ནས་སྨི་བདུན་བརྒྱ་ལྔ་བཅུ་བསྣན་པའི་མཚམས་སུ་ལམ་ངོས་བརྡིབས་པའི་གནས་ཚུལ་བྱུང་ཡོད་པས་ད་ལྟ་བཀག་སྡོམ་བྱས་ཡོད། །

ཡིག་སྒྱུར་བ། འབྲུག་མོ་དང་གཡང་འབུམ་རྒྱལ།