རྨ་སྟོད་རྫོང་གི་སྦྲ་གུར་སློབ་ཁང་བརྒྱ་དང་གྱ་བཞི་ལ་གློག་འཐེན།
2021.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་གནོད་འཚེ་རྗེས་ཀྱི་གནས་སྐབས་བཀོད་སྒྲིག་བྱེད་སའི་སྦྲ་གུར་སློབ་ཁང་བརྒྱ་དང་གྱ་བཞི་ཡོངས་རྫོགས་ལ་གློག་འཐེན།

རྨ་སྟོད་རྫོང་བོད་ཡིག་བཅའ་སྡོད་སློབ་འབྲིང་དང་རྨ་ཆུ་ཡུལ་ཚོ་བོད་ཡིག་བཅའ་སྡོད་སློབ་གྲྭ་སོགས་སློབ་གྲྭ་འབྲིང་ཆུང་ལྔ་རུ་ཚེས་ཉེར་བཞི་ཉིན་དུས་ཐོག་ཏུ་སློབ་ཁྲིད་སླར་གསོ་བྱེད་རྒྱུ་ཡིན་པ་དང་། རྨ་སྟོད་རྫོང་གི་རྨ་ཆུ་ཡུལ་ཚོ་དང་མཛོ་རྒན་ར་བར་གྲོང་རྡལ། མཚོ་སྐྱ་རེངས་ཡུལ་ཚོ་སོགས་ཀྱི་གནས་སྐབས་བཀོད་སྒྲིག་བྱེད་ས་བཅས་སུ་སྦྲ་གུར་བརྒྱ་དང་གྱ་བཞི་ཕུབ་ནས། གནོད་ཐེབས་ས་ཁུལ་གྱི་སློབ་མར་སེམས་བདེ་བའི་དཔེ་ཀློག་གི་སློབ་ཁང་གསར་བ་འདོན་སྤྲོད་བྱས།

ས་འགུལ་བྱུང་བའི་ཉིན་གཉིས་པར་བཀོད་སྒྲིག་བྱེད་སའི་སྦྲ་གུར་ཡོངས་ལ་གློག་འཐེན་རྗེས། རྒྱལ་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་དུས་ཚོད་རྩ་ཆེན་དམ་འཛིན་བྱས་པ་དང་། མི་སྣ་དང་དངོས་ཟོག་རྫ་འཛུགས་བྱས་ནས་མུ་མཐུད་དུ་གསར་དུ་ཕུབ་པའི་སྦྲ་གུར་སློབ་ཁང་གི་གློག་འཐེན་བྱ་བའི་ཁྲོད་ཞུགས། ཀུང་ཟི་དེའི་ཡུལ་དངོས་གནས་ཚུལ་གཞིར་བཟུང་ནས། མྱུར་དུ་གློག་འདོན་ཇུས་གཞི་གཏན་འབེབས་བྱས་པ་དང་སྟོབས་ཤུགས་གཙོ་བོ་འཐེན་སྐོང་བྱས་ཏེ། མྱུར་སྐྱོབ་ཚན་ཆུང་ལྔ་བཙུགས་ནས་བསྡོམས་པས་མི་བརྒྱད་ཅུ་ལྷག་ས་སོ་སོར་བགོས་ནས་གློག་འཐེན་བྱ་བ་སྤེལ། དུས་ཚོད་བཅུ་ཕྲག་ལྷག་གི་འབད་འཐབ་བརྒྱུད་དེ། སྦྲ་གུར་སློབ་ཁང་བརྒྱ་དང་གྱ་བཞིའི་སློབ་ཁྲིད་སླར་གསོ་བྱེད་པའི་སྔོན་དུ་གློག་འཐེན་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།