རྨ་སྟོད་ས་ཡོམ་ལས་ཡུལ་དངོས་སྐད་སྒྲ།
2021.05.25 ཁུངས། ཀློག་གྲངས། 28

5.22ཉིན་མགོ་ལོག་རྨ་སྟོད་དུ་ས་ཡོམ་བྱུང་རྗེས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡུལ་དངོས་གསར་འགོད་རུ་ཁག་དུས་ཐོག་ཏུ་ལམ་ལ་ཆས་ཏེ། ས་ཡོམ་འབྱུང་ཡུལ་དུ་ཕྱིན་ཞིང་། དེ་ནས་ཡུལ་དངོས་གནས་ཚུལ་ཇི་བཞིན་དུ་ཁྱབ་སྒྲོག་བྱས་ཏེ། ས་ཡོམ་གྱི་གནོད་པ་དང་མང་ཚོགས་ཀྱི་སེམས་ཁམས། ཡོམ་འགོག་རོགས་སྐྱོབ་ཀྱི་སྟོབས་ཤུགས་སོགས་ཀུན་གྱི་་སྤྱན་ལམ་དུ་བསྟར་པས། ཡོམ་འགོག་རོགས་སྐྱོབ་བྱ་བར་བླ་ལྷག་གི་ནུས་པ་ཐོན།

ཞོལ་ནས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡུལ་དངོས་གསར་འགོད་པ་ལྕགས་ཐར་ཚེ་རིང་དང་ཐུབ་བསྟན་རྡོ་རྗེ་གཉིས་ཀྱིས་ཡུལ་དངོས་གནས་ཚུལ་བརྙན་མིག་བརྒྱུད་ནས་བཀོད་པའི་སྐོར་བསྟར་ན།

རྨ་ཕྲ་ལུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི། དཀོན་མཆོག་རིག་འཛིན།

རྨ་སྟོད་རྫོང་རྨ་ཆུ་ཞང་ཝ་ཞང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།  མངོན་རྟོགས།

རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཉེན་རྟོག་པ། བཙན་རྗེ།

རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྨ་ལ་བཞི་སྡེ་བའི་ཏང་ཡོན། པ་ཡེས།

རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་རྐྱང་མཚོ་སྡེ་བའི་ཏང་ཡོན། བཀྲ་ཤིས། 

རྨ་ཕྲ་ལི་གྲོང་རྡལ་བདེ་འགོད་གནས་ཀྱི་མང་ཚོགས། དཀོན་བྷོ།

རྨ་སྟོད་རྫོང་གུང་གཞོན་པ་ཚོགས་པའི་ཧྲུའུ་ཅི་གཞོན་པ། བླ་མ་ཚེ་རིང་།

མཚོ་སྐྱ་རེངས་ཞང་བོད་ཡིག་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་གཞོན་པ། དོན་འགྲུབ་རྒྱལ། 

རྨ་སྟོད་རྫོང་ཀྲུང་གོ་ཞིང་ཚོང་དངུལ་ཁང་གི་གནས་སྐབས་འཁོར་སྐྱོད་ཞབས་ཞུ་རླངས་འཁོར་དུ་སྒོར་མོའི་འགྲོ་ལུགས་སྒྲུབ་བཞིན་པའི་ས་གནས་མང་ཚོགས།  བསོད་ནམས་ཚེ་རིང་།

རྨ་ཆུ་ཡུལ་ཚོ་རེ་ཆུ་སྡེ་བའི་སྡེ་མི། སྐལ་ཆོས།