སྐུད་ལམ12345བརྒྱུད་ནས་རྨ་སྟོད་ས་ཡོམ་གནས་ཚུལ་ཡར་ཞུ་བྱས་ཆོག
2021.05.26 ཁུངས། ཀློག་གྲངས། 1

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བརྡ་འཕྲིན་དང་སྲིད་དོན་སྤྱི་སྒྲོག་གཞུང་ལས་ཁང་གི་འགན་ཁུར་བ་ཆིན་བུན་ཆང་གིས་བཤད་རྒྱུར། ཞིང་ཆེན12345སྐུད་ལམ་སྟེང་མཚོ་སྔོན་རྨ་སྟོད“5.22”ས་ཡོམ་གནོད་ཐེབས་དཔྱད་དཔོག་སྐུད་ལམ་ཁ་ཕྱེ་ཡོད་ལ། མང་ཚོགས་རྣམས་ཀྱིས0971-12345ལ་ཁ་པར་གཏང་རྗེས། སྐད་ཆའི་ཁྲིད་སྟོན་ལྟར་མཐེབ་མནོན“3”གནན་ན་སྦྲེལ་ཐུབ། ང་ཚོས་བོད་རྒྱ་སྐད་གཉིས་ལམ་ནས་ཆུ་ཚོད24ལ་མང་ཚོགས་ཀྱི་ཁ་པར་ཡོང་བ་དང་ལེན་བྱ་རྒྱུ་ཡིན་ལ། གནོད་ཐེབས་གནས་ཚུལ་དང་རོགས་སྐྱོར་འཚོལ་བརྡ་དག་གཅིག་ཏུ་བསྡུས་ནས། དུས་ཐོག་ཏུ་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་སྤྲོད་རྒྱུ་ཡིན། 

      ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀྲང་ཧོས་ཀྱིས་བཤད་རྒྱུར། ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིས་འདྲི་རྩད་སྐུད་ལམ་གྱི་སྦྲེལ་མཐུད་ཞབས་ཕྱི་དང་བཀོལ་སྤྱོད་མ་ལག་རམ་སྐྱོར་འགན་སྲུང་བྱ་བ་ནན་ཏུར་གྱིས་ལེགས་སྒྲུབ་བྱ་རྒྱུ་ཡིན་ལ། མང་ཚོགས་ཀྱིས་སྐད་འཕྲིན་གྱི“བཤེར་བཤེར”བརྒྱུད། རྩ་གཉིས་ཨང་བཤེར་ནས་གནས་ཚུལ་ཁ་སྐོང་བྱས་ཏེ། ཐེངས་འདིའི་ས་ཡོམ་ལས་གནོད་ཐེབས་གནས་ཚུལ་དང་དགོས་མཁོའི་དཀའ་ངལ་རོགས་སྐྱོར་ཡར་ཞུ་བྱས་ཆོག  ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིས་ཁ་པར་ཡོང་བ་དང་བཤེར་རིས་བཀོལ་མཁན་གྱི་མི་སྒེར་གྱི་གསང་བའི་བདེ་འཇགས་གནད་དོན་ལ་འགན་ཁུར་ནས། སྟོབས་ཤུགས་ཡོད་རྒུས་དམངས་ལ་ཞབས་འདེགས་ཞུ་རྒྱུར་ཁས་ལེན་གང་ལེགས་བྱས་པ་ཡིན།